གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཞིང་ཁམས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༩ཉིན།

༄༅།།དགུན་དུས་ཟས་སྤྱོད་ཇི་ལྟར་བསྟེན་དགོས་ཟེར་ན།

        བོད་ཀྱི་གསོ་བ་རིག་པའི་གཞུང་དུ་དགུན་དུས་ཉི་མ་བྱང་ལ་བགྲོད་རིང་། ཕྱི་སྣོད་དང་ནང་བཅུད་ཀུན་རིམ་བཞིན་རྣོ་བ་དང་། ཚ་བ།  རྩུབ་པའི་ངོ་བོར་འགྱུར་བས་བ་སྤུའི་སྒོ་བཀག་སྟེ་ཁོག་ནང་དུ་མེ་དྲོད་འབར་བའི་དུས་ཡིན་པས། ཟུངས་ཁྲག་མི་ཉམས་པའི་ཆེད་དུ་ཟུངས་སྟོབས་གསོ་བའི་ཟས་ཏེ། ཤ་ཁུ་དང་འོ་མ།  བུ་ཆང་། མར་ཁུ།ལུག་ཤ་སོགས་སྣུམ་བཅུད་རིགས་བསྟེན་དགོས། ལུག་གི་ཤ་ནི་ནུས་པ་སྣུམ་ཞིང་དྲོ་བས་ལུས་ཟུངས་འཕེལ་བར་ཕན་པ་ཆེན་པོ་ཡོད་པའི་ཟས་རིགས་ཤིག་རེད། དེ་བཞིན་དགུན་དུས་མེ་དང་ཉི་མ་ཚད་རན་པོ་བསྲོ་བ་དང་ཆ་རྐྱེན་ལྡན་ན་ཁང་པའི་ནང་གི་ཉི་མ་དྲོ་སར་བསྡད་དེ།  ཏིལ་མར་གྱིས་ལུས་ལ་བསྐུ་མཉེ་བྱས་ན་ལུས་གསོ་བར་ཕན་པ་ཆེན་པོ་ཡོད་ལ། དགུན་དུས་གོས་ཀྱང་པགས་པས་བཟོས་པ་གྱོན་ན་གཟུགས་པོར་རླུང་ཁུག་པར་ཕན་པ་ཆེན་པོ་ཡོད།

 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1