བོད་ལྗོངས་ཆབ་མདོའི་དབུལ་ཕོངས་མི་འབོར་ཁྲི19.46དབུལ་སྒྲོལ་བྱས་ཏེ་དབུལ་ཞྭ་ཕུད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-10


         ཟླ11པའི་ཚེས4ཉིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། ཆབ་མདོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་དངོས་གྲུབ་ཟླ་བ་དང་། ཆབ་མདོ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་འཛུགས་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཚེ་རིང་རྒྱ་མཚོ་བཅས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞུགས་པར་མ་ཟད། ཆབ་མདོའི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།
         2019ལོའི་ལོ་མཇུག་བར་དུ། ཆབ་མདོ་གྲོང་ཁྱེར་གྱིས་དུད་ཚང་ཁྲི3.84དང་མི་ཁྲི19.46དབུལ་སྒྲོལ་བྱས་ཤིང་། རྫོང11(ཆུས)ཚང་མས་དབུལ་ཞྭ་ཕུད་པ་མངོན་འགྱུར་བྱུང་སྟེ། ལོ་རྒྱུས་རང་བཞིན་གྱིས་ལྟོས་མེད་ཀྱི་དབུལ་ཕོངས་མེད་པར་བྱས་པ་དང་། དབུལ་ཕོངས་མི་གྲངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་རྐྱང་མ་སྒོར9342.35རུ་སླེབས།
         ཆབ་མདོ་ནི་བོད་ལྗོངས་སུ་དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེས་རྒྱ་ཆེ་བ་དང་། དབུལ་ཐར་བྱེད་པའི་མ་རྩ་ཆེས་མཐོ་བ། དབུལ་ཚད་ཆེས་ཟབ་པ་དང་དཀའ་གནད་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་དང་ཚད་མཐོའི་རྒྱབ་སྐྱོར་ཐོབ། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ་བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་ཀྱི་ལས་དོན་གྱི་ཁྲོད་དུ་བཞག་ནས་ཇུས་འགོད་སྐུལ་འདེད་བཏང་ཞིང་།  དམིགས་བསལ་གྱི་དབུལ་སྐྱོར་བྱེད་ཐབས་གནང་སྟེ་ཁྱད་པར་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། ལྗོངས་ཡོངས་ཀྱི་ནུས་ཤུགས་གཅིག་བསྡུས་ཀྱིས་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ནས་ཆབ་མདོའི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་བྱུང་།

འདི་ནི་ཆབ་མདོ་ས་ཁུལ་གྱི་སྐད་གྲགས་ཆེ་བའི་ལུག་རྒྱུད།
         ཐོན་ལས་ཀྱི་འབབ་འཕར་ནི་ཆབ་མདོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ལམ་གཙོ་བོ་དང་ཡུན་རིང་གི་ཐབས་ཇུས་ཤིག་ཡིན་ཞིང་། ཆབ་མདོ་གྲོང་ཁྱེར་གྱིས་རང་ཉིད་ཀྱི་ཐོན་ཁུངས་སྤུས་ལེགས་དང་། ཐོན་ལས་ཀྱི་རྨང་གཞི། ཚོང་རའི་དགོས་མཁོར་རྐང་ཚུགས་ཏེ་དབུལ་སྒྲོལ་དང་ཕྱུག་འགྱུར། དབུལ་སྒྲོལ་དང་དཀའ་ངལ་ལས་སྒྲོལ་བ། ཉེ་དུས་དང་ཡུན་རིང་། ཐོན་ལས་ཆེན་པོ་དང་ཐོན་ལས་ཆུང་བའི་འབྲེལ་བ་སོགས་ཡང་དག་པའི་སྒོ་ནས་ཐག་གཅོད་བྱས་ཏེ། རི་བོ་ཆེའི་འབྲི་གཡག་དང་། གོ་འཇོའི་ལུག  ཁ་རུབ་ཀྱི་ཕག  རི་བྱ། བ་གླང་སོགས་གསོ་ཚགས་ཀྱི་རྟེན་གཞི་ཆེན་པོ་ལྔ་དང་། ནས་དང་། སྔོ་ཚལ།  བྲ་བོ། སྨན་རྩྭ། རྒུན་འབྲུམ། ཤིང་ཏོག་གསར་པ། གཟན་རྩྭ་སོགས་འདེབས་འཛུགས་རྟེན་གཞི་ཆེན་པོ་བདུན་གཙོ་གནད་དུ་བཟུང་ནས་བཙུགས།
         “ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་སུ། ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས850ལག་བསྟར་བྱས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི10ལྷག་ལ་སྐུལ་ཁྲིད་བྱས་ནས་ལས་ཞུགས་ཀྱི་མི་གྲངས23279བསྡུ་ལེན་བྱས།
         “གནས་སྤོ་ཐུབ་པ་དང་། བརྟན་པོ་བྱེད་་ཐུབ་པ། ཕྱུག་འགྱུར་བྱེད་ཐུབ་པ”བཅས་ཀྱི་དམིགས་ཡུལ་ལ་དམིགས་ཏེ། ཆབ་མདོ་གྲོང་ཁྱེར་གྱིས་འཚོ་གནས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་གཙོར་བཟུང་ཞིང་། ཤིན་ཏུ་དབུལ་པའི་ས་ཁུལ་གཡུལ་ས་གཙོ་བོར་བཟུང་ནས་སྒྲིག་འཛུགས་ཞིབ་ཚགས་དང་། ཚན་རིག་སྒོས་འཆར་འགོད་བྱས་ཏེ་གྲོང་ཚོ(སྡོད)ནས་གྲོང་ཁྱེར་དང་གྲོང་བརྡལ་དུ་གནས་སྤོས་དང་། ས་བབ་མཐོ་བའི་ས་ཁུལ་ནས་ས་བབ་དམའ་བའི་ས་ཁུལ་དུ་གནས་སྤོས་བྱེད་པ། བཀག་སྡོམ་གྱི་ས་ཁོངས་ནས་གཞུང་ལམ་གྱི་ལམ་རྒྱུད་དུ་གནས་སྤོས་དང་། ཐོན་ཁུངས་ཞན་པའི་ས་ཁོངས་ནས་ཐོན་ཁུངས་ཕྱུག་པ་དང་ཕུན་སུམ་ཚོགས་པའི་གནས་སུ་གནས་སྤོ་བྱ་བར་སྐུལ་འདེད་བཏང་སྟེ།  འཚོ་གནས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བཏང་བ་དང་། དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་དང་དབུལ་ཕོངས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་།
         2016ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས268འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། དེར་འབྲེལ་གྱི་གནས་སྤོས་དབུལ་པོའི་མང་ཚོགས་མི་ཁྲི9.9ཡོད།

འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་གནས་སྤོས་མང་ཚོགས་རང་ཉིད་ཀྱིས་གཉེར་བའི་ཚོང་ཁང་རེད།
         དབུལ་པོའི་རྩ་བ་འབལ་བར་གཞི་ཚུགས་ཏེ། ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་ཐབས་ཇུས་ལག་བསྟར་ཤུགས་ཆེན་བྱས་ཤིང་། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་གཏོང་བ་སོགས་ཀྱི་རྣམ་གྲངས་ཀྱི་འཛུགས་སྐྲུན་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། ལོ་རེར་ནོར་སྲིད་ཡོང་འབབ་ཀྱི20%ལས་མི་དམའ་བ་སློབ་གསོའི་མ་དངུལ་དུ་ཆ་འགྲིག་བྱས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རིགས་སོ་སོར་སྒོར་དུང་ཕྱུར45.63གྱི་མ་དངུལ་འཇོག་པར་བརྩོན་ལེན་བྱས་ཤིང་།  སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྣམ་གྲངས502ལག་བསྟར་བྱས་ཏེ། གཞི་རིམ་གྱི་སློབ་གཉེར་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་བཅོས་བྱུང་།
         2016ལོ་ནས་བཟུང་། རིམ་རྩིས་བྱས་ན“འགན་ལེན་གསུམ”གྱི་གྲོན་དངུལ་སྒོར་དུང་ཕྱུར21.6དང་། འཚོ་བཅུད་ཟས་རིགས་ལེགས་བཅོས་བྱེད་པའི་འཆར་གཞིའི་གྲོན་དངུལ་སྒོར་དུང་ཕྱུར3.74གཏོང་སྤྲོད་བྱས་ཤིང་། རིམ་རྩིས་བྱས་ན་དབུལ་ཕོངས་སློབ་མ་མི་ཐེངས9473ལ་རོགས་རམ་བྱས་ཏེ་མ་དངུལ་སྒོར་ཁྲི9633ཀྱི་འཛིན་སྤྲོད་དངུལ་ལེན་བྱས་པ་དང་། འོས་འགན་སློབ་གསོ་རིམ་པའི་སློབ་ཆུང་དང་། སློབ་འབྲིང་སློབ་གྲྭར་ཞུགས་ཚད་སོ་སོ་99.85% དང་100.38%དུ་སླེབས་ཡོད།
         དུས་མཚུངས་སུ་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ཇུས་དང་ཟུང་འབྲེལ་བྱས་ནས་“ཆུ་གློག་ལམ་དང་ཆ་འཕྲིན་དྲ་བ་དང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་བདེ་སྲུང་བཅས”རྣམ་གྲངས་བཅུ་མཐོར་འདེགས་གཏོང་བའི་བཟོ་སྐྲུན་གྱི་འཛུགས་སྐྲུན་ཤུགས་ཆེར་བཏང་སྟེ། གྲོང་གསེབ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཞུ་འཐུས་ཚང་དུ་བཏང་།
         2016ལོ་ནས་བཟུང་། བསྡོམས་པས་གྲོང་ཚོའི་གཞུང་ལམ་གྱི་རྣམ་གྲངས1066དང་། འཛུགས་སྐྲུན་གྱི་གཞི་རྒྱ་སྤྱི་ལེ7716ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་རྫོང(ཆུས)ཡོངས་ཀྱི་སྣུམ་ལམ་ཤར་གཏོང་ཐུབ་ཚད100%དང་། གྲོང་ཚོའི་ལམ་ཤར་གཏོང་ཐུབ་ཚད97% སྒྲིག་ཁོངས་གྲོང་ཚོའི་ཤར་གཏོང་ཐུབ་ཚད75%རུ་སླེབས་ཡོད།
         མིག་སྔར། ཆབ་མདོ་གྲོང་ཁྱེར་གྱི་རང་འབབ་ཐོན་ཆུའི་ཁྱབ་གདལ་གྱི་ཚད93%རུ་སླེབས་ཡོད་པ་དང་། གྲོང་ཚོའི་གཅིག་བསྡུས་ཀྱིས་ཆུ་མཁོ་འདོན་བྱེད་ཚད99.5%ཟིན་ཞིང་། ཆུ་མཁོ་འདོན་གྱི་འགན་ལེན་བྱེད་ཚད95%ཟིན་པ་རེད། གློག་ཤུགས་ཀྱི་དབུལ་སྐྱོར་རྣམ་གྲངས90ལག་བསྟར་བྱས་ཏེ། མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར53.58བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་གློག་གཏོང་ཚད100%ཟིན་པ་དང་། གློག་དྲ་གཙོ་བོའི་མི་འབོར་ཁྱབ་ཚད93%དུ་སླེབས་ཏེ། ཕན་ཁེ་ཐོབ་པའི་ཞིང་འབྲོག་མང་ཚོགས་མི་ཁྲི72.99ཡོད།
         དེ་ལས་གཞན། ཆབ་མདོ་གྲོང་ཁྱེར་གྱིས་“སྒོ་ཁའི”ལས་ཞུགས་ཀྱི་ལས་རྐང་གསར་འབྱེད་བྱེད་པ་ཤུགས་ཆེན་བཏང་སྟེ། ཞིང་འབྲོག་མང་ཚོགས་རང་ས་རང་ཡུལ་དང་ཁ་མ་བྲལ་བར་ལས་ཞུགས་གཞན་སྒྱུར་ཡོང་བ་མངོན་འགྱུར་བྱས་ཤིང་། 2016ལོ་ནས་2019ལོའི་བར་རིམ་རྩིས་བྱས་ན་དབུལ་པོའི་མི་འབོར་ཁྲི5.58ལ་གསོ་སྦྱོང་བྱས་ཏེ། མི་གྲངས་ཁྲི3.45ཡི་ལས་ཞུགས་གཞན་སྒྱུར་ཡོང་བ་མངོན་འགྱུར་བྱས།

འདི་ནི་ཆབ་མདོའི་ཁྱད་ལྡན་ཐོན་རྫས་རྒུན་ཆང་བདག་དམར་གཡང་རེད།
         དངོས་གྲུབ་ཟླ་བས་བཤད་རྒྱུར། ལོ་ལྔའི་རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་བརྒྱུད་དེ་དབུལ་ཕོངས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་། ཐོན་སྐྱེད་བྱེད་སྟངས། འཚོ་བའི་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་ཞིང་། རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོའི་ཇེ་མཐོར་སོང་སྟེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཆུ་ཟོ་ནས་ཆུ་སྦུག་དང་། སྣུམ་འོད་ནས་གློག་འོད། རྐང་ལམ་ནས་ལམ་ཆེན་དང་། ཕྱིང་གུར་ནས་ཁང་པར་སྡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་བ་རེད། རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དོ་ཁུར་དངོས་སུ་ཤེས་ཚོར་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་རྟོགས་ནས་མེས་རྒྱལ་ཁྱིམ་གཞི་ཆེན་པོའི་དྲོད་ཁོལ་སེམས་སུ་མྱོང་ཚོར་ཐུབ་སྟེ། སྔར་ལས་རང་རྟོགས་ཆེན་པོའི་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་བྱེད་ཅེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1