དབྱི་རག་གི་རྒྱལ་སའི་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་ཐེབས་ནས་མི་བཞི་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-11


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་དགུ་ཉིན་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་ཚེས་བརྒྱད་ཉིན་གྱི་ནམ་གུང་རྒྱལ་ས་པཱ་ཀ་ཏཱའི་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག་ཟེར། 
        དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཞི་ཡིས་པཱ་ཀ་ཏཱའི་ལྷོ་ནུབ་ཕྱོགས་ཀྱི་ལཱ་ཏི་ཝ་ནེ་ཡཱ་ས་ཁུལ་གྱི་ཞོན་ནེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པའི་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ་མི་སྣར་ཤི་རྨས་བཟོས་པ་རེད་ཟེར། 
        ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་ཡང་བའི་མཚོན་ཆ་བཀོལ་ནས་སོ་ལྟ་ཁང་ལ་མེ་མདས་བརྒྱབ་པར་མ་ཟད་ལག་འབོར་གྱིས་འགས་གཏོར་བཏང་བ་རེད། ཤི་རྨས་ཐེབས་པའི་མི་སྣའི་ཁྲོད་དུ་མི་སེར་དཀྱུས་འདུས་ཡོད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1