གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༡ཉིན།

ཏུན་ཧོང་མོ་ཀའོ་བྲག་ཕུག་ཏུ་ཆོས་དཔེ་བྲག་ཕུག་རྙེད་ནས་ལོ་120འཁོར་བ།


   ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།གསར་འགོད་པས་ཟླ་11ཚེས་7ཉིན་ནས་ཚེས་9ཉིན་བར་ཏུན་ཧོང་མོ་ཀའོ་བྲག་ཕུག་ཏུ་“ཆོས་དཔེ་བྲག་ཕུག་རྙེད་ནས་ལོ་ངོ་120འཁོར་བར་དྲན་གསོའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི”ཐོག་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོས་རྒྱལ་སྤྱིའི་ཐོག་ཏུན་ཧོང་རིག་པའི་གཏམ་དབང་ཁོང་དུ་ཆུད་ཡོད།

   1900ལོར་ཏུན་ཧོང་མོ་ཀའོ་བྲག་ཕུག་ཏུ་ཆོས་དཔེ་བྲག་ཕུག་གློ་བུར་རྙེད་པ་དང་འབྲེལ་རྩ་ཆེའི་རིག་དངོས་ཁྲི་ལྔ་དྲུག་ཙམ་ས་འོག་ནས་ཐོན་ཡོད། དེ་དུས་རྒྱལ་སྟོབས་ཞན་པའི་རྐྱེན་གྱིས་རིག་དངོས་ཁྲི་4ཙམ་ཕྱི་རྒྱལ་དུ་ཤོར་ཡོད་པ་རེད། སྔོག་འདོན་བྱུང་བའི་རིག་དངོས་དང་ཏུན་ཧོང་མོ་ཀའོ་བྲག་ཕུག་སྒྱུ་རྩལ་ལ་གཞིགས་ནས་ཏུན་ཧོང་རིག་པ་རིམ་བཞིན་“རྒྱལ་སྤྱིའི་རིག་གཞུང་གྲགས་ཅན་”ཞིག་ཏུ་གྱུར། དུས་རབས་20པའི་ལོ་རབས་80པར་“ཏུན་ཧོང་ཀྲུང་གོར་ཡོད་མོད་ཏུན་ཧོང་རིག་པ་ཕྱི་རྒྱལ་ལ་དར་”ཞེས་བཤད་ཀྱིན་ཡོད། 


   ཀྲུང་གོའི་ཏུན་ཧོང་ཐུའུ་ལུའུ་ཧྥན་རིག་གཞུང་ལྷན་ཚོགས་ཀྱི་འགོ་འཛིན་ཧའོ་ཁྲོན་ཝུན་གྱིས་ཏུན་ཏོང་རིག་པ་བ་རྣམས་ཀྱིས་རྗེས་འདེད་གང་ཐུབ་བྱས་པར་བརྟེན་དུས་རབས་20པའི་དུས་མཇུག་ལ་སླེབས་ཚེ་ཏུན་ཧོང་རིག་པའི་ཁྱབ་ཁོངས་མང་པོའི་ནང་རང་རྒྱལ་གྱིས་སྔོན་འགྲོའི་གོ་བབ་བཟུང་ཡོད་ཅིང་། “ཀྲུང་གོས་རྒྱལ་སྤྱིའི་ཐོག་ཏུན་ཧོང་རིག་པའི་གཏམ་དབང་ཁོང་དུ་ཆུད་ཡོད་ཅེས་ད་ལྟ་ང་ཚོས་བཤད་ཆོག་”ཅེས་བཤད་པ་རེད། 

   རིག་དངོས་ཕྱོགས་བཞི་མཚམས་བརྒྱད་དུ་ཤོར་ཡོད་ཀྱང་།གོ་ལ་ཧྲིལ་པོའི་ཏུན་ཧོང་གི་ཚད་ལྡན་ཡིག་ཆའི་པར་རིས་དང་འགྲེལ་བཤད་ལེགས་སྒྲིག་རྩོམ་སྒྲིག་ལས་ཀ་མང་ཆེ་བ་ནི་ཀྲུང་གོ་བས་ལེགས་འགྲུབ་བྱས་པ་རེད། “ཧུའུ་སྐད་ཡིག་ཚད་ལྡན་ཞིབ་འཇུག་སོགས་ཀྱི་ཐད་ཕྱི་རྒྱལ་བ་ལ་སྔར་བཞིན་ལེགས་ཆ་ཡོད་ཅིང་། ཡིན་ནའང་། ཁྱེད་རང་རྒྱལ་ཁབ་གང་གི་ཡིན་རུང་། ཏུན་ཧོང་རིག་པ་ཞིབ་འཇུག་བསམས་ན་པར་རིས་ངེས་པར་དུ་ཀློག་དགོས་པ་ཁས་མི་ལེན་ཀ་མེད་རེད།འདི་ནི་རྨང་གཞི་དང་ཚད་གཞི་ཡིན་ལ།ང་ཚོས་རྒྱལ་སྤྱིའི་ཐོག་གཏམ་དབང་ཁོང་དུ་ཆུད་ཡོད་པའི་མཚོན་རྟགས་གལ་ཆེན་ཡང་རེད”ཅེས་ཧའོ་ཁྲོན་ཝུན་གྱིས་བཤད་པ་རེད།


   འཆར་གཞི་ལྟར་ན།མ་འོངས་པའི་ལོ་5ནས་ལོ་15ཚུན། ཏུན་ཧོང་རིག་པའི་རིགས་གཅིག་མཁས་དབང་རྣམས་ཀྱིས་སྣེ་ཁྲིད་ནས་“རིམ་སྤར་པར་གཞི”ཡི་ཏུན་ཧོང་ཤུལ་བཞག་ཡིག་ཆ་ཕྱོགས་བསྒྲིགས་རྩོམ་སྒྲིག་སོགས་གཙོ་གནད་ལས་དོན་ཁག་8བསྒྲུབ་རྒྱུ་དང་། དམར་ཕྱིའི་པར་ཆས་སོགས་ལག་རྩལ་གསར་པ་དང་གནའ་བོའི་ཡིག་ཆ་ཟུང་འབྲེལ་བྱས་ནས། མི་རྣམས་ལ་ཆ་འཕྲིན་མང་པོ་མངོན་པ་བྱ་རྒྱུ་རེད། དུས་མཉམ་དུ། ཀྲུང་གོའི་མཁས་དབང་རྣམས་ཀྱིས་མུ་མཐུད་དུ་འཛམ་གླིང་ཁྱབ་ཁོངས་སུ་ཏུན་ཧོང་རིག་པའི་འཕེལ་རྒྱས་ཐད་ཤུགས་འདོན་རྒྱུ་རེད།


    ཏུན་ཧོང་དུ་ས་ཆ་གཞན་པར་སྔ་ས་ནས་རྒྱུན་ཆད་ཟིན་པའི་ཀྲུང་གོའི་གནའ་བོའི་དུས་སྐབས་ཀྱི་ཆབ་སྲིད་དང་།དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་ཆ་འཕྲིན་ཉར་ཚགས་བྱས་ཡོད་ལ། དེ་ཉིད་དར་གོས་ལམ་བུའི་འགག་སྒོར་ཡང་ཡོད་པས་ཏུན་ཧོང་གི་དཔྱད་ཡིག་ཐོག་ནས་དར་གོས་ཚོང་ལམ་ལ་ཞིབ་འཇུག་བྱ་རྒྱུར་ས་ཆ་གང་ཞིག་གིས་བསྡུར་ཐབས་ཀྱང་མེད་ཅེས་རོང་ཤིན་ཅང་གིས་བཤད་པ་རེད།

   དུས་རབས་གཅིག་ལྷག་གི་སྔོན་དུ་ཤོར་སོང་བའི་རིག་དངོས་མ་ལག་ནི་“ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན”ཞིག་གྱུར་ཡོད། ད་ལྟ་ཀྲུང་གོས་ཆོས་དཔེ་བྲག་ཕུག་གི་རིག་དངོས་དག་གྲངས་གཞི་ཅན་གྱི་རྣམ་པའི་ཐོག་ནས་སླར་ཡང་ཕ་ཡུལ་དུ་ལོག་ཐུབ་པ་ཤུགས་འདོན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་གཙོ་ཁྲིད་བྱེད་པའི་ཕྱི་ལོག་རྣམ་གྲངས་ཐོག་མ་དེ་ད་ལྟ་གྲ་སྒྲིག་བྱེད་བཞིན་པའི་སྒང་རེད།

(http://tibet.people.com.cn/15829260.html)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1