སེར་ཤུལ་རྫོང་གིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-12


        ཉེ་ཆར། སེར་ཤུལ་རྫོང་ཨུའི་སྒྲོག་འགྲེལ་ཚོགས་པས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་རང་སྐྱོང་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་གཅིག་སྡུད་སྒྲོག་འགྲེལ་གྱི་ཚོགས་ཆེན་འཚོགས་ཤིང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་དགོངས་དོན་སྒྲོག་འགྲེལ་དང་སློབ་སྦྱོང་བྱས་ཡོད་པ་རེད།
        སྒྲོག་འགྲེལ་པ་ཚོས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་དགོངས་དོན་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་དང་། ཐུམ་འབུའི་ནད་འགོག་བཅོས། བདེ་འཇགས་ཀྱི་སེར་ཤུལ་འཛུགས་སྐྱོང་བྱ་རྒྱུའི་སྐོར། དམངས་ཁྲིམས་གཞུང་ལུགས་ཀློག་འགྲེལ་བྱས་ཤིང་དོན་དངོས་དང་ཟུང་འབྲེལ་བྱས་ནས་གོ་བདེ་ཞིང་ཡིད་འཇོག་ཐུབ་པའི་ཡུལ་སྐད་ཀྱི་གཏམ་དཔེ་དྲངས་ནས་སྒྲོག་འགྲེལ་བྱས་པས་མ་ཚད་དབུལ་ཐར་འགག་སྒྲོལ་དང་གཞི་རིམ་ཏང་འཛུགས་བཅས་ཀྱི་ནང་དོན་དག་མི་སེར་ཚོར་སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་བསྡུ་རྒྱུའི་བྲོ་ཡི་ཚུལ་དུ་སྒྲོག་འགྲེལ་ཕུན་སུམ་ཚོགས་པར་བྱས་ཡོད་པ་རེད།
        ཐེངས་འདིའི་སྒྲོག་འགྲེལ་ནི་སེར་ཤུལ་རྫོང་ཡོངས་ཀྱི་ཁྲོམ་གཟའ་འགབ་མ་ཡུལ་ཤོག་དང་བཙན་མདའ་ཡུལ་ཤོག་སོགས་གྲོང་རྡལ་དང་ཡུལ་ཤོག23ལ་ཡོངས་སུ་ཁྱབ་ཏུ་བཅུག་ཡོད་པ་རེད།
        སྤྱི་ཟླ10པའི་ཟླ་མཇུག་གི་དུས་འདིར་རྫ་ཆུ་ཁ་ལ་དགུན་དུས་ཀྱི་གྲང་ངར་ཕྱིར་འཐེན་ཅུང་ཙམ་ཡང་མེད་པར་སླེབས་ནའང་། སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་པ་འདིས་འབྲོག་སྡེའི་ནམ་མཁའ་གཡའ་དག་པ་དང་། འབྲོག་པ་མང་ཚོགས་ཀྱི་སེམས་ཁམས་སྐྱིད་སིང་ངེར་བསྒྱུར་སོང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1