གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༢ཉིན།

མཚོ་སྔོན་དུར་ལམ་ཆུ་ཁོལ2018ཞའོ་ཝེ་བང་སོ་དང་པོ།

མཚོ་སྔོན་དུར་ལམ་ཆུ་ཁོལ2018ཞའོ་ཝེ་བང་སོ་དང་པོ། སྤྱི་ལོ་སྔོན་གྱི་དུས་རབས་6-8པའི་སྐབས་སུ་མཚོ་བོད་མཐོ་སྒང་ནི་མི་རིགས་མཉམ་འདྲེས་སྤེལ་རེས་བྱེད་པའི་བགྲོད་ལམ་དུ་གྱུར་ཟིན། 


 

དུར་རྫས།
     མཚོ་སྔོན་དུར་ལམ་རྫོང་ཆུ་ཁོལ་དུར་ཚོགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཆུ་ཁོལ་ཤང་ཁོངས་སུ་ཡོད་ཅིང་། 1982ལོར་གནའ་རྫས་རྟོག་ཞིབ་གསར་རྙེད་བྱུང་བ་ལས་མིང་དེ་ཐོགས་པ་རེད། 2018ལོའི་ཟླ་3ཚེས་15ཉིན་ཆུ་ཁོལ་དུར་ཚོགས་བརྐུས་ཤོར་བྱུང་བའི་གྱོད་དོན་རྩད་ཆོད་པ་དང་རིག་དངོས་འབོར་ཆེན་རྩིས་ལེན་བྱས་ཤིང་། ཀུན་གྱིས་དོ་ཁུར་ཆེན་པོ་བྱས་ཡོད། 
    འབྲེལ་ཡོད་རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ཁོལ་དུར་ཚོགས་ནི་སྤྱི་ལོ་སྔོན་གྱི་དུས་རབས་6-8སྐབས་ཀྱི་དུར་ཚོགས་གལ་ཆེན་ཞིག་ཡིན་པ་དང་། སྔོག་འདོན་བྱས་པའི་རིག་དངོས་ལས་རྒྱལ་རབས་བྱང་མ་ནས་སུའུ་ཐང་རྒྱལ་རབས་བར། མཚོ་སྔོན་གྱི་འགྲོ་ལམ་ནི་དར་གོས་འགྲུལ་གྱི་ཡན་ལག་གལ་ཆེན་ཞིག་ཡིན་པ་དང་། དུར་ལམ་ནི་ཤར་ནུབ་བར་གྱི་ཚོང་གཉེར་བར་འགྲིམ་ས་ཚུགས་ཡིན་པ་ར་སྤྲོད་བྱས་ཡོད། 
   2019ལོར། རྒྱལ་ཁབ་རིག་དངོས་ཅུས་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་འབད་པ་ཆེན་པོས་ཆུ་ཁོལ་དུར་ཚོགས་ནི་རྒྱལ་ཁབ་ཀྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་རྟེན་གཞིར་འཛུགས་སྐྲུན་སྐུལ་འདེད་དང་སྒྲོམ་གཞིའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་རེད། རྒྱལ་ཁབ་རིག་དངོས་ཅུས་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་གནང་བར་བརྟེན། 2018ལོ་ནས་2020ལོའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་མཉམ་འབྲེལ་བྱས་ནས་2018ལོར་བརྐུས་ཤོར་བྱུང་བའི་ཞའོ་ཝེ་བང་སོ་དང་པོར་སྔོག་འདོན་བྱས་པ་རེད། 
    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧན་ཅན་ཧྭ་ཡིས་ངོ་སྤྲོད་བྱས་དོན། མཚོ་སྔོན་དུར་ལམ་ཆུ་ཁོལ་2018ཞའོ་ཝེ་བང་སོ་དང་པོ་ནི་ཐང་རྒྱལ་རབས(བོད་བཙན་པོའི་དུས་སྐབས)སྐབས་ཀྱི་སྐུ་དྲག་ཆེན་པོའི་བང་སོ་ཞིག་ཡིན་ཞིང་། ཤིང་དང་རྡོ་ལས་གྲུབ་ཞིང་དུར་ཁང་མང་བའི་བང་སོ་ཞིག་ཡིན་པ་དང་། ས་ངོས་དང་ས་འོག་གྲུབ་ཆ་གཉིས་ལས་གྲུབ་པ་རེད། 
    དོ་ཁུར་བྱེད་རིན་ཡོད་པ་ཞིག་ལ། ས་ངོས་སུ་རྩིག་པ་དང་མཆོད་འབུལ་སྟེགས་བུ། ཁྱམས་ར་སོགས་དུར་སའི་བཀོད་པ་མཐོང་རྒྱུ་ཡོད་པ་དང་། ས་འོག་ཏུ་དུར་ལམ་དང་། རྩིག་སྐྱོར། རྡོ་ལམ། བང་སོའི་སྒོ། གཏེར་རྫས། བང་སོ་བཅས་ལས་གྲུབ་འདུག དུར་ལམ་ནང་དུ་རྟ་དུར་འཇུག་བྱེད་སའི་དུང་ཁང་རིང་པོ་ཞིག་འདུག ན་སོ་4ནས་6བར་གྱི་རྟ་དྲུག་དུར་འཇུག་བྱས་ཡོད། ད་དུང་མི་དང་སྒོ་ཟོག་དུར་འཇུག་བྱེད་ས་རྙེད་པ་རེད། སྒོ་ཟོག་དུར་འཇུག་བྱེད་ས་ནས་ནོར་གནག་དང་ལུག གཙོད། དགོ་བ། འབྲི་གཡག་སོགས་ཀྱི་རུས་པ་ཐོན་པ་དང་། ཤིང་གི་གྲི་ཤུབས་ཅན་གྱི་གྲི་ཞིག་ཀྱང་རྙེད་པ་རེད། 
    བང་སོ་ནི་དུར་ཁང་གཙོ་བོ་1དང་ཟུར་ཁང་4ལས་གྲུབ་འདུག དུར་ཁང་གཙོ་བོའི་ངོས་བཞི་ནི་རྡོ་རྩིག་དང་། སྒང་ལ་པང་ལེབ་བཀབ་ཅིང་། ནང་ངོར་ལྡེབས་རིས་བྲིས་འདུག གནའ་རྫས་རྟོག་ཞིབ་མི་སྣས་ད་དུང་དུར་ཁང་གཙོ་བོ་ལ་ཤར་ནུབ་ཕྱོགས་སུ་བཀོད་པའི་བྱེ་རྡོའི་དུར་སྒམ་ཞིག་ཡོད་པ་མཐོང་། པུར་སྒམ་གྱི་ངོར་ཚོན་རིས་བྲིས་ཤིང་གསེར་སྦྱར་ཡོད། དེ་ནས་མིའི་རུས་པ་རྙེད་ཅིང་ཕལ་ཆེར་མི་གཉིས་ཀྱི་རུས་པ་ཡིན་པ་ཐོག་མར་ཞིབ་དཔྱོད་བྱུང་ཡོད། 

   རིགས་གཅིག་མཁས་པས་ངོས་འཛིན་བྱས་དོན། 2018ལོའི་ཞའོ་ཝེ་ཨང་རྟགས་བང་སོ་དང་པོ་ནི་ཆུ་ཁོལ་བང་སོའི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་ཆ་ཆ་ཚང་ཤོས་དང་རྙོག་འཛིང་ཆེ་ཤོས་ཀྱི་རིམ་མཐོའི་བང་སོའི་ཚོགས་ཤིག་ཡིན་པ་དང་། བང་སོ་དེ་སྔོག་འདོན་བྱས་པ་དེས་ཐང་རྒྱལ་རབས(བོད་བཙན་པོའི་དུས་སྐབས་)དུས་སྐབས་ཀྱི་ཆུ་ཁོལ་ས་ཁུལ་གྱི་དུར་འཇུག་ལུགས་སྲོལ་དང་དེ་བཞིན་ཐང་རྒྱལ་རབས་དང་གྲངས་ཉུང་མི་རིགས་བར་གྱི་འབྲེལ་བའི་ལོ་རྒྱུས་དང་། དར་གོས་འགྲུལ་ལམ་གྱི་འགྲིམ་འགྲུལ་ལོ་རྒྱུས། དངོས་པོའི་རིག་གནས་སྤེལ་རེས་ལོ་རྒྱུས་སོགས་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱེད་པའི་ཐད་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད།

(http://tibet.people.com.cn/15829269.html)


ཏུའུ་ལན་ཆུ་ཁོལ2018ཞའོ་ཝེ་བང་སོ་དང་པོ་ནས་ཐོན་པའི་འཐག་དངོས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1