སྐབས་གཉིས་པའི་གནམ་ལྕགས་འབར་བའི་རི་ཁུལ་གྱི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་མཇུག་སྒྲིལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-13


        གནམ་ལྕགས་འབར་བ།
        ཡར་ཀླུང་གཙང་པོར་རྒྱུག་ཤར་གློད ། ། གནམ་ལྕགས་འབར་བར་ངང་གིས་འཕྲད། དེ་ཡང2016ལོར་གནམ་ལྕགས་འབར་བའི་ལམ་ཐག་ཕྱེད་ཀའི་རི་ཁུལ་གྱི་མ་ལ་སོང་རྒྱང་རྒྱུག་འགྲན་སྡུར་བདེ་བླག་ངང་སྤེལ་བ་ནས་བཟུང་། འགྲན་སྡུར་འདི་ཉིད་ལ་རྒྱལ་ཡོངས་ཀྱི་འགྲན་ཞུགས་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། ཟླ11པའི་ཚེས8ཉིན་ཏེ་ལོ་ངོ4འགོར་རྗེས། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་གནམ་ལྕགས་འབར་བའི་རི་ཁུལ་གྱི་མ་ལ་སོང་རྒྱང་རྒྱུག་འགྲན་སྡུར་སླར་ཡང་གཉེར་བ་དང་བདམས་ཐོན་པ200ལྷག་ཙམ་དེའི་ནང་དུ་ཞུགས་ཡོད།

        འགོ་ཚུགས་མཛད་སྒོ།
        སྒྲིག་འཛུགས་ཨུ་ལྷན་གྱིས་སྐབས་འདིའི་འགྲན་བསྡུར་ལམ་ཐིག་ཇེ་ལེགས་སུ་བཏང་ནས་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོའི་ཚོ་ཆུང་དང་ཚོ་ཆུང་ཆུང་བ་གཉིས་སུ་དབྱེ་ཞིང་། དེའི་ཁྲོད་དུ་བརྒྱུད་རིམ་ཧྲིལ་པོའི་ཚོ་ཆུང་ལ་སྤྱི་ལེ16དང་ཚོ་ཆུང་ཆུང་བ་ལ་སྤྱི་ལེ5ཡོད་པ་དང་། འགྲན་ལམ་གྱི་བརྒྱུད་རིམ་ཧྲིལ་པོར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ཙམ་ཡོད། ལམ་ཐིག་ནི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་མཛེས་ལྗོངས་ཁུལ་དང་ལམ་རྒྱུད་ཀྱི་གྲོང་ཚོ། སྔོ་ཐིང་ཐིང་དུ་རྒྱུག་བཞིན་པའི་ཡར་ཀླུང་གཙང་པོའི་ཆུ་དང་ཁ་བའི་གཡོགས་པའི་གནམ་ལྕགས་འབར་བ་བཅས་མིག་ལམ་དུ་འཆར་ཡོང་བས་ས་གནས་དེ་གའི་ས་བབ་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་གང་ལེགས་སྒོས་མཚོན་པར་བྱས་ཡོད།

        འགྲན་ཞུགས་བདམས་ཐོན་པ།
        གངས་རིའི་འདབས་ནས་འགྲན་ཞུགས་བདམས་ཐོན་པ་ཚོས་ལུས་ལ་གྱོན་ཆས་ཀྱི་ཁ་དོག་སྣ་ཚོགས་གྱོན་ཞིང་མཐའ་འཁོར་གྱི་གྲོང་མི་ཚོས་འབད་པ་ཆེན་པོས་བདམས་ཐོན་པ་རྣམས་ལ་ངར་ཤུགས་བསླངས་ཏེ་ལམ་གྱི་མཐའ་སྣེར་སླེབས་པ་རེད།  བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ནས་ཡོང་བའི་བཀྲ་བྷར་སྐར་མ59དང་སྐར་ཆ2ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚོ་ཆུང་གི་ཨང་དང་པོ་ཐོབ་པ་དང་། སྤེན་པར་ཆུ་ཚོད1དང་སྐར་མ16དང་སྐར་ཆ12ཀྱི་གྲུབ་འབྲས་ཐོག་ནས་བུད་མེད་ཚོ་ཆུང་གི་ཨང་དང་པོ་ཐོབ་པ་རེད།

འགྲན་ཞུགས་བདམས་ཐོན་པ།
        བཀྲ་བྷ་ནི་ཆེད་ལས་ཀྱི་རྒྱང་རྒྱུག་ལུས་རྩལ་པ་ཞིག་ཡིན་ལ་གཟའ་འཁོར་རེར་སྦྱོང་བརྡར་ནན་མོ་བྱེད་བཞིན་ཡོད། འགྲན་སྡུར་འདིས་ཁོང་ཚོའི་རྒྱུན་གཏན་གྱི་སྦྱོང་བརྡར་གྲུབ་འབྲས་ལ་ཞིབ་དཔྱད་ཚད་ལེན་ཐེངས་གཅིག་བྱས་པ་དང་།  “འགྲན་ལམ་ལ་འཁྱོག་ལམ་དང་ལ་ཐུར་ཅུང་མང་བའི་རྐྱེན་གྱིས་ཨང་དང་པོ་ཐོབ་རུང་ངའི་དུས་རྒྱུན་གྱི་སྦྱོང་བརྡར་བྱས་པའི་གྲུབ་འབྲས་དང་བསྡུར་ན་ད་དུང་བར་ཐག་ངེས་ཅན་ཞིག་ཡོད།” བཀྲ་བྷས“སླད་ཕྱིན་ཡང་ཡང་འབད་བརྩོན་བྱས་ནས་གནད་དོན་ལ་དམིགས་ནས་གནད་དོན་ཐག་གཅོད་བྱས་ཏེ་སྔར་ལས་གཟེངས་སུ་ཐོན་པའི་རྒྱང་རྒྱུག་ལུས་རྩལ་པ་ཞིག་ཏུ་འགྱུར་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད།
       འགྲན་ཞུགས་བདམས་ཐོན་པ།
        ཡར་ཀླུང་གཙང་པོ་གྲོང་ཁྱེར་བརྒལ་ནས་བཞུར་བ་དང་། གནམ་ལྕགས་འབར་བ་དང་ཉིང་ཆུའི་འོད་མདངས་གཅིག་གིས་གཅིག་ལ་བརྒྱན་ལ། བྲག་གསུམ་མཚོ་ཡི་མཛེས་ལྗོངས་ཁུལ་དང་ཀླུ་ནང་རྒྱལ་སྤྱིའི་གྲོང་རྡལ་ཆུང་ཆུང་དེ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཅིང་། ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཀྱི་མཛེས་ལྗོངས་བཅས་ལས་ཉིང་ཁྲི་འདི་ཉིད་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་དང་ཕྱི་རོལ་གྱི་ལུས་རྩལ་གསར་སྤེལ་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

        འགྲན་ཞུགས་བདམས་ཐོན་པ།
        ཉིང་ཁྲི་གྲོང་ཁྱེར་གྱི་མཚན་སྙན་སྔ་མོ་ནས་ཕྱོགས་བཅུར་ཁྱབ་པ་དང་ཀོང་ཏུང་ནས་ཡོང་བའི་འགྲན་ཞུགས་བདམས་ཐོན་པ་ཁྲེན་པང་རེན་གྱིས“ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་དོན་ནི་གནམ་ལྕགས་འབར་བས་ཡིད་དབང་འཕྲོག་པ་དང་། བོད་ལྗོངས་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱིས་ཡིད་སེམས་བཀུག་པས་ཡིན”ཞེས་བཤད།

        གནམ་ལྕགས་འབར་བའི་འདབས་རོལ་གྱི་གྲོང་ཚོ།
        ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས“ཕྱི་རོལ་གྱི་ལྷ་ཡུལ། ཉིང་ཁྲི་ཡི་ལུས་རྩལ”ཞེས་པའི་ལུས་སྦྱོང་ཐོན་ལས་ཀྱི་ཟོང་རྟགས་སྣང་བརྙན་ཤུགས་ཆེན་པོས་བཏོད་པ་དང་། ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་གང་ལེགས་ཀྱིས་སྤྱད་དེ་སྤུས་ལེགས་ཟོང་རྟགས་ཀྱི་འགྲན་བསྡུར་སྣ་ཚོགས་གཉེར་ཡོད། དཔེར་ན། བྲག་གསུམ་མཚོ་བསྐོར་བའི་རྒྱལ་སྤྱིའི་རི་ཁུལ་ལྕགས་རྟའི་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་དང་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་ལྕགས་རྟ་མཐར་སོན་འགྲན་བསྡུར་སོགས་བོད་རང་སྐྱོང་ལྗོངས་དང་ཐ་ན་རྒྱལ་ཡོངས་རང་བཞིན་གྱི་སྤུས་ལེགས་ཟོང་རྟགས་ཀྱི་འགྲན་བསྡུར་རབ་དང་རིམ་པ་ཡོད་པ་ལྟ་བུ།

འགྲན་ཞུགས་བདམས་ཐོན་པ་མཐའ་སྣེར་སླེབས་པ།

འགྲན་ཞུགས་བདམས་ཐོན་པ་མཐའ་སྣེར་སླེབས་པ།

སྐྱེས་པའི་ཚོ་ཆུང་གིས་བྱ་དགའ་ལེན་པའི་མཛད་སྒོ།

བུད་མེད་ཚོ་ཆུང་གིས་བྱ་དགའ་ལེན་པའི་མཛད་སྒོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1