ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཏུ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་པའི་ཚ་རླབས་འཕྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-16



         ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རང་རྒྱལ་གྱི་འབྱུང་འགྱུར་ལོ5དང་དེ་བཞིན་ལོ15ཡི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཤིང་། དེས་མི་སེམས་འགུལ་བའི་དམིགས་ཚད་གཏན་འཁེལ་བྱས་པས་མི་རྣམས་ལ་ཧུར་ཐག་གིས་མདུན་དུ་བསྐྱོད་རྒྱུར་སྐུལ་མ་ཐེབས་ཡོད།
         ཉེ་ཆར་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ཚང་འཛོམས་གྲོས་ཚོགས་རྒྱལ་ཁའི་ངང་འཚོགས་རྗེས་ཁོངས་གཏོགས་ས་ཁུལ་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཀྱི་སེམས་ལ་བརྟན་པོར་བཞག
         སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་རྗེས། ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་མཐའ་མཚམས་མངག་གཏོང་ཁང་མངགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དྲིལ་སྒྲོག་ཇུས་གཞི་མགྱོགས་མྱུར་སྒོས་བཟོས་ཏེ“མཐའ་མཚམས་ཁོངས་གཏོགས་ས་ཁུལ་དང་། དྲ་མིག་ཉེན་དོན་ཁང་། སྲིད་འཛིན་གྲོང་ཚོ”བཅས་རིམ་པ་གསུམ་གྱི་སྒྲོག་འགྲེལ་བྱ་ཡུལ་གཏན་འཁེལ་བྱས་ཤིང་། མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ས་ཁུལ་དུ་བསྐྱོད་དེ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དྲིལ་སྒྲོག་ལག་དེབ་སྤྲོད་པ་དང་། བརྡ་ཁྱབ་བཀྲམ་པ། སྦྱར་ཡིག་འགེལ་བ་སོགས་ཀྱི་ཐབས་སྣ་མང་བརྒྱུད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དག ལས་ཁུངས་དང་ཁེ་ལས། སློབ་གྲྭ ལྗོངས་ཁུལ། ཞིང་དུད་བཅས་སུ་ཁྱབ་གདལ་བཏང་བ་དང་། སྐད་འཕྲིན་ཚོགས་པ་སོགས་འཕྲིན་གཏོང་སྨྱན་སྦྱོར་བེད་སྤྱོད་གང་ལེགས་བྱས་ཏེ། དུས་ཐོག་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོངས་གཏོགས་ས་ཁུལ་གྱི་ཚོང་དུད་ལ་ཁྱབ་གདལ་བཏང་སྟེ་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་སེམས་སུ་འཇགས་པར་བྱས།

         མཐའ་མཚམས་མངག་གཏོང་ཁང་མངགས་ནས་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
         འགྲོ་བ་དགོན་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་ཁོངས་གཏོགས་ས་ཁུལ་དུ་བསྐྱོད་དེ། མང་ཚོགས་དང་མཉམ་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་ཆབས་ཅིག“ཡུལ་སྨད་ཀྱི་སྙིང་སྟོབས”དང་ཟུང་འབྲེལ་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཀྱིས“རྒྱལ་ཁབ་ནི་ཀྲུང་གོ་ཡིན་ལ་ཁྱིམ་ནི་བོད་ལྗོངས་ཡིན་པའི”དམིགས་བསལ་གྱི་ལས་འགན་འཁུར་ཐུབ་པ་བྱས་ཤིང་། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་ཁྲིད་སྟོན་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱ་རྒྱུར་སློབ་གསོ་བཏང་བ་རེད། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཀྱིས་ང་ཚོ་བོད་ལྗོངས་སུ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་ལ། འདི་ནི་ང་ཚོའི་ཕ་ཡུལ་ཡིན་པས་ང་ཚོས་ཕ་ཡུལ་གྱི་ས་ཆ་ཚུན་རེ་རེ་བཞིན་ཡག་པོ་སྲུང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

སྐྱེམས་སྟོང་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ས་ཁུལ་གྱི་ཚོང་དུད་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
         སྐྱེམས་སྟོང་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཁོངས་གཏོགས་ས་ཁུལ་གྱི་ཟ་ཁང་དང་། ཇ་ཁང་། སྒོ་རྩིས་ཚོང་ཁང་སོགས་མི་མང་འདུས་སར་བསྐྱོད་དེ་ཚོང་ཁང་ནང་གི་མི་སྣ་དང་མཉམ་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འགོ་ཚུགས་མཛད་སྒོར་བལྟས་པ་དང་། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཀྱིས་ལས་ཀ་བྱེད་པ་དང་ཞིང་ལས་གཉེར་བ་སོགས་ཀྱིས་རྐྱེན་པས་ཉིན་དེར་འགོ་ཚུགས་མཛད་སྒོའི་ཐད་གཏོང་ལ་ལྟ་ཐབས་བྲལ་བས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འབྲེལ་ཡོད་བརྙན་ལམ་གྱི་དཔྱད་ཡིག་ཕབ་ལེན་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་མང་ཚོགས་དང་མཉམ་དུ་བལྟས་པ་དང་འབྲེལ་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་དང་ཚོང་དུད་གཉེར་སྐྱོང་མཁན་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གཙོ་གནད་ཁག་ལ་གསལ་བཤད་དང་འགྲེལ་བ་ཞིབ་ཕྲ་གནང་བ་རེད།

         འབྲས་སྤུངས་མཐའ་མཚམས་མངག་གཏོང་ཁང་གིས་ལས་མི་རྣམས་ལ་སྒྲོག་འགྲེལ་བྱེད་བཞིན་པ།
         འབྲས་སྤུངས་མཐའ་མཚམས་མངག་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་ནན་ཏན་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གནས་ཚུལ་ལ་བལྟས་པའི་དུས་མཚུངས་སུ་མི་དམངས་ཉེན་རྟོག་པས“ཚང་འཛོམས་གྲོས་ཚོགས”ཀྱི་དགོངས་དོན་རྣམ་དག་གིས་སློབ་སྦྱོང་བྱེད་མཁན་དང་། ཁྱབ་བསྒྲགས་བྱེད་མཁན། ལག་ལེན་བྱེད་མཁན་བཅས་བྱེད་པར་ཁྲིད་སྟོན་བྱས་ཤིང་། འབྲས་སྤུངས་མཐའ་མཚམས་མངག་གཏོང་ཁང་གི་ཏང་ཀྲི་པུའུ་ཡིས་མི་རིགས་ཀྱི་སྐད་ཡིག་ལ་རྒྱུས་མངའ་ཡོད་པ་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཅུང་ལེགས་པའི་མི་དམངས་ཉེན་རྟོག་པ5སྐོང་འཐེན་བྱས་ནས“ཚང་འཛོམས་གྲོས་ཚོགས”ཀྱི་དགོངས་དོན་དྲིལ་བསྒྲགས་ཡན་ལག་རུ་ཆུང་བཙུགས་ཏེ“མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཛུགས་པ”དང་།“འཁོར་རྒྱུག་གཉིས་ལ་སྐུལ་འདེད་གཏོང་བ།”“མི་དམངས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་བ། མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་དམངས་ཡོངས་ཐུན་མོང་ཐོག ཕྱུག་པོར་ཆགས་རྒྱུར་དོན་ཐོག་ནས་འཕེལ་རྒྱས་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ”སོགས་ལ་དམིགས་ནས་གཏམ་ཚ་ཤོས་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འབྲེལ་ཡོད་དཔྱད་ཡིག་འཚོལ་སྡུད་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་ཞིང་དུད་དང་ཚོང་དུད། ལས་ཡུལ་སོགས་སུ་བསྐྱོད་དེ་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་ངོ་ཐུག་གདོང་འཕྲད་ཀྱིས“ཚང་འཛོམས་གྲོས་ཚོགས”ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། དེའི་རིང་དྲིལ་བསྒྲགས་ཡན་ལག་རུ་ཁག་གིས་ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་དང་གཅིག་སྡུད་གསལ་འགྲེལ། དུད་ཚང་དུ་ཁྱབ་སྤེལ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་ཐབས་སྤྱད་དེ་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་སྨིན་དབུལ་སྐྱོར་དང་སྨན་བཅོས་འགན་ལེན། སྤྱི་ཚོགས་རྒན་གསོ་སོགས་དམངས་འཚོའི་གླེང་གཞི་ཁག་ལ་ལན་ཧུར་ཐག་གིས་བརྒྱབ་སྟེ། མང་ཚོགས་ཀྱིས་འཕྲལ་མར་ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་གསར་པ་ཤེས་ཐུབ་པ་བྱས་ནས། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་གང་ལེགས་ཚོར་ཐུབ་པ་དང་། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་མདུན་ལམ་ལ་རྒྱང་ལྟ་ཐུབ་པ་བྱས་པ་རེད།
         མིག་སྔར་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་གཞི་རིམ་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་ཁྱོན་བསྡོམས6500ལྷག་ཙམ་སྤྲད་པ་དང་། ཆེད་དོན་སྒྲོག་འགྲེལ་ཐེངས10ལྷག་ཙམ་བྱས་པ།  སྒྲོག་འགྲེལ་མི་གྲངས་ཁྲི1.5ལྷག་ཙམ་ཟིན་པ་བཅས་བྱས་པས་བཅའ་སྡོད་བྱ་ཡུལ་སྲིད་གཞུང་དང་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཡོངས་ཀྱིས་གདེང་འཇོག་གང་ལེགས་ཐོབ་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1