གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༦ཉིན།

གངས་རིའི་འདབས་ཞབས་བྲོ་འཁྲབ་མཁན་བུ་མོ།


    ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་ཅིང་། ཀོང་ཏུང་ཞིང་ཆེན་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས།  ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས། ) སྨན་གླིང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་བྱེད་པའི་“གནམ་ལྕགས་འབར་བའི་རི་ཁུལ་རྒྱང་རྒྱུག་འགྲན་བསྡུར་སྐབས་གཉིས་པ”ཟླ་11ཚེས་8ཉིན་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཡར་ཀླུང་གཙང་པོ་གྲོང་རོང་མཛེས་ལྗོངས་ཁུལ་དུ་སྤེལ་ཞིང་། རྒྱལ་ཡོངས་ནས་ཡོང་བའི་རྒྱང་རྒྱུག་ལ་དགའ་ཞེན་ཅན་100ལྷག་འགྲན་བསྡུར་ནང་ཞུགས་ཡོད།


   ཐེངས་འདིའི་འགྲན་བསྡུར་གྱི་གོ་རིམ་གཅིག་ཡིན་པའི་ཐོག་ནས།འགྲན་བསྡུར་གྱི་མཇུག་གནས་གནམ་ལྕགས་འབར་བ་རིའི་འདབས་སུ་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ་རེད། ཟླ་ཆུང་སྒྲོལ་མ་ཡོད་སའི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང རྫོང་སྒྱུ་རྩལ་ཚོགས་པས་བྱ་དགའ་སྤྲོད་པའི་མཛད་སྒོ་ཐོག་ཞབས་བྲོ་འཁྲབ་སྟོན་བྱས་པ་རེད།

   ལུས་ལ་བོད་ཀྱི་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་པའི་འཁྲབ་སྟོན་པ་བུ་དང་བུ་མོ་ཚོས་གངས་རིའི་འོག་ཏུ་གླུ་དབྱངས་ལེན་པ་དང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་དེ་མཛེས་སྡུག་ལྡན་པའི་གངས་ལྗོངས་ཀྱི་རང་བྱུང་གི་མཛེས་ལྗོངས་འོག་སྔར་བས་ཐུན་མོང་མ་ཡིན་པའི་མཛེས་སྡུག་ཞིག་མངོན།


    “ཐེངས་འདིའི་འཁྲབ་སྟོན་གྱི་ཆེད་དུ།ང་ཚོའི་ཚོགས་པས་ཉིན་15རིང་སྦྱོང་བརྡ་དྲག་པོ་བྱེད་པ་ཡིན”ཞེས་ལོ་23ཡིན་པའི་ཟླ་ཆུང་སྒྲོལ་མས་གསར་འགོད་པ་ལ་འཚེར་སྣང་ལྡན་པའི་ངང་དེ་ལྟར་བཤད།སྦྱོང་བརྡ་དཀའ་ཚེགས་ཆེ་རུང་། ཁོང་ཚོ་ཚང་མ་ཐེངས་འདིའི་བྱེད་སྒོ་རུ་ཞུགས་པ་ལ་སྤྲོ་བ་ཆེན་པོ་ཡོད། དེ་ནི་རྒྱང་རིང་ནས་སླེབས་པའི་སྐུ་མགྲོན་མང་པོ་ཞིག་ཁོང་ཚོའི་ཕ་ཡུལ་དུ་སླེབས་པའི་རྐྱེན་གྱིས་རེད།

གནམ་ལྕགས་འབར་བ་ནི་ཧི་མ་ལ་ཡའི་རི་རྒྱུད་དང་།གཉན་ཆེན་ཐང་ལྷའི་རི་རྒྱུད། འཕྲེད་རྒྱུག་རི་རྒྱུད་བཅས་ཀྱི་འདྲེས་མཚམས་སུ་ཡོད་པ་དང་། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རི་བོ་མཐོ་ཤོས་དང་།ཧི་མ་ལ་ཡའི་རི་རྒྱུད་ལ་གཏོགས་ཤིང་།ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆེས་ཤར་ཕྱོགས་སུ་ཡོད། ཡུལ་དེས་ཀོང་ཏུང་ཞིང་ཆེན་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་འོག་ བསྟུད་མར་རི་ཁུལ་རྒྱང་རྒྱུག་འགྲན་བསྡུར་སྤེལ་ཡོད་ཅིང་། དེ་ནི་ལུས་རྩལ་+ཡུལ་སྐོར་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་འཚོལ་ཞིབ་དང་དེར་སྐུལ་འདེད་བྱེད་ཕྱིར་དེ་རེད།


   ད་ལོ་ནི་ཀོང་ཏུང་གིས་བོད་ལྗོངས་ཉིང་ཁྲིར་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་26འཁོར་བ་ཡིན་ཞིང་། ཉེ་བའི་ལོ་འགའི་རིང་། ཀོང་ཏུང་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ལོ་རེར་སྒོར་ཁྲི་100ལྷག་ལུས་རྩལ་རྒྱན་ཤོག་སྤྱི་ཕན་མ་དངུལ་ལ་བཞག་སྟེ་ཉིང་ཁྲི་གྲོང་ཁྱེར་ལུས་རྩལ་ལས་དོན་གྱི་འཕེལ་རྒྱས་དང་། ཡུལ་དེའི་ལུས་རྩལ་ར་བའི་སྒྲིག་བཀོད་འཛུགས་སྐྲུན།གྲོང་མི་ཡོངས་ལ་བདེ་ཐང་བྱེད་སྒོ་སྤེལ་བ།ན་གཞོན་ལུས་རྩལ་འཕེལ་རྒྱས་དང་རྩལ་འགྲན་ལུས་རྩལ་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ལས་དོན་ཡུན་རིང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཐེངས་འདིའི་རི་ཁུལ་རྒྱང་རྒྱུག་འགྲན་བསྡུར་སྤེལ་བ་དེའང་་ཀོང་ཏུང་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ལུས་རྩལ་གྱིས་བོད་སྐྱོར་བྱ་རྒྱུ་འཚོལ་ཞིབ་བྱེད་པའི་ཚོད་ལྟ་གསར་པ་ཞིག་རེད།
   ན་གཞོན་བུ་མོ་གཞན་པ་དང་འདྲ་བར་ཟླ་ཆུང་སྒྲོལ་མ་ལ་ན་གཞོན་དུས་སུ་ཕྱི་རོལ་ཏུ་མང་ཙམ་འགྲོ་རྒྱུའི་རེ་བ་ཡོད། “ཀོང་ཏུང་གི་ཀྲོའུ་ཧའེ་ཕུད། ང་ཚོ་ད་དུང་པེ་ཅིང་དང་ཧྥུ་ཅན་སོགས་སུ་འཁྲབ་སྟོན་བྱེད་པར་འགྲོ་མྱོང་བས་དགའ་བསུ་ཆེན་པོ་ཐོབ་ཀྱིན་འདུག”མི་རྣམས་ཀྱི་ཁོང་ཚོའི་འཁྲབ་སྟོན་ལ་བསྟོད་བསྔགས་བྱེད་ཐེངས་རེ་ལ། ཟླ་ཆུང་སྒྲོལ་མའི་སེམས་པ་དགའ་བ་དང་སྤོབས་པ་སྐྱེས་ཀྱིན་ཡོད།

ཟླ་ཆུང་སྒྲོལ་མས།  “ང་ཚོའི་འཁྲབ་སྟོན་བརྒྱུད་ནས།མི་མང་པོས་བོད་ཀྱི་གླུ་གར་གྱི་མཛེས་ཉམས་རོལ་ཐུབ་པ་དང་། ང་ཚོ་བོད་ཀྱི་རིག་གནས་ལ་དགའ་བ་དང་། ང་ཚོའི་བོད་ལྗོངས་ལ་དགའ་བ་བྱེད་ཐུབ་པའི་རེ་བ་ཡོད”ཅེས་བཤད།

(http://tibet.people.com.cn/15829698.html) 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1