གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༧ཉིན།

ཀན་སུའུ་ནས་ས་པཎ་གདུང་རྟེན་སྲུང་སྐྱོང་གི་ལས་གྲྭ་འགོ་ཚུགས་པ།



ས་པཎ་སྐུ་གདུང་མཆོད་རྟེན།
    ཟླ་11ཚེས་12ཉིན། ལོ་རྒྱུས་ཡུན་རིང་འགོར་བ་དང་རང་བྱུང་རྒྱུ་རྐྱེན་གྱི་དབང་གིས། བོད་ལྗོངས་ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་དོ་དམ་ཁོང་གཏོགས་སུ་དངོས་སུ་ཚུད་པའི་བདེན་དཔང་ར་སྤྲོད་དེ་ལང་ཅུ་མཆོད་རྟེན་དཀར་པོའི་འཛུགས་སྐྲུན་གཙོ་བོ་སྟེ་ས་པཎ་སྐུ་གདུང་མཆོད་རྟེན་གྱི་ཕྱིའི་གྱང་ངོས་ཀྱི་ཞལ་བ་གོག་པའི་གནས་ཚུལ་བྱུང་ཡོད།
ལང་ཅུ་མཆོད་རྟེན་དཀར་པོ་དགོན་པ་ལ་ལང་ཅུ་གྲོས་མོལ་དྲན་གསོ་ཁང་ཞེས་ཀྱང་འབོད་པ་རེད། དྲན་གསོ་ཁང་དེའི་འགན་འཁུར་བས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་བརྗོད་དོན། རྒྱལ་ཁབ་རིག་དངོས་ཅུས་དང་ཀན་སུའུ་ཞིང་ཆེན་རིག་དངོས་ཅུས་ཀྱིས་མཆན་འགོད་བཀའ་ལན་གནང་བ་བརྒྱུད། མིག་སྔར། རྗེས་ཤུལ་དེ་སྲུང་སྐྱོང་ལས་སྣོན་ལས་དོན་ནི་ཏུན་ཧོང་ཞིབ་འཇུག་ཁང་ཚོགས་པ་ལ་བཅོལ་ནས་དུས་སྔའི་ལྟ་ཞིབ་བྱེད་བཞིན་ཡོད་པ་དང་། སྲུང་སྐྱོང་ཇུས་འགོད་གྲུབ་ཟིན་ཞིང་། ཡུན་རིང་མི་འགོར་བར་དངོས་སུ་ལས་སྣོན་ལས་གྲྭ་ལས་འགོ་ཚུགས་རྒྱུ་རེད་ཟེར། 
    མཆོད་རྟེན་དཀར་པོ་དགོན་པ་ནི་ལང་ཅུ་ཁུལ་ཝུའུ་ནན་གྲོང་རྡལ་མཆོད་རྟེན་དཀར་པོ་གྲོང་ཚོར་ཡོད་པ་དང་། ཡོན་རྒྱལ་རབས་སྐབས་སུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ལང་ཅུར་བསྐྱོད་དེ་བོད་ལྗོངས་གཅིག་གྱུར་སྐོར་བགྲོ་གླེང་དང་གྲོས་མཐུན་བྱུང་ཡུལ་ཡིན་ཞིང་།  ས་པཎ་དགོངས་པ་ཆོས་དབྱིངས་སུ་ཐུམ་གནས་ཀྱང་ཡིན། 
   དྲན་གསོ་ཁང་དེའི་འགྲེལ་བཤད་མཁན་སུའུ་ཆིང་གིས་ངོ་སྤྲོད་བྱེད་དོན། ཡོན་རྒྱལ་རབས་སྐབས་སུ། ལང་ཅུ་མཆོད་རྟེན་དཀར་པོ་དགོན་གཞི་རྒྱ་ཆེ་བ་སྟེ། ཚོགས་ཆེན་འདུ་ཁང་དང་ས་པཎ་ལྷ་ཁང་། ཅོང་ཁང་། ཟློས་གར་ཁང་སོགས་ཡོད། ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ། མཆོད་རྟེན་དཀར་པོར་གཏོར་ཞིག་ཐེབས་ཤིང་། མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཐེངས་གཉིས་ལ་ཉམས་གསོ་བྱས་ཡོད། 1927ལོར། མཆོད་རྟེན་དཀར་པོ་དགོན་ནི་ཝུའུ་ཝུའེ་ས་ཡོམ་ཆེན་པོའི་ནང་ས་པཎ་སྐུ་གདུང་མཆོད་རྟེན་གྱི་མ་གདན་གཅིག་པུ་མ་གཏོགས་ལྷག་མེད་དུ་གཏོར་བརླག་ཐེབས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། 2001ལོར། ས་པཎ་སྐུ་གདུང་མཆོད་རྟེན་གྱི་རྗེས་ཤུལ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་ཡིན་པ་སྤྱི་བསྒྲགས་བྱས་པ་ནས་བཟུང་། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་3700ལྷག་བཏང་ནས། སྔ་རྗེས་སུ་ས་ཆ་བསྡུ་ལེན་དང་། རྗེས་ཤུལ་ལ་ལས་སྣོན་སྲུང་སྐྱོང་བྱེད་པ། ས་པཎ་སྐུ་མདུང་མཆོད་རྟེན་གྱི་མཆོད་རྟེན་ཆེན་པོ་འཛུགས་སྐྲུན་སླར་གསོ་བྱེད་པ། མཆོད་རྟེན་ཆུང་ཆུང་99འཛུགས་སྐྲུན། ཆུ་གློག་ལམ་བཅས་ཀྱི་རྨང་གཞི་སྒྲིག་ཆས་མཐོར་འདེགས་སུ་གཏོང་བའི་ལས་གྲྭ་ལེགས་འགྲུབ་བྱུང་ཡོད།
   གོ་རིམ་རྗེས་མར། དྲན་གསོ་ཁང་དེས་ལང་ཅུ་མཇལ་འཛོམས་ཀྱི་“གཅིག་ཤས་རང་བཞིན”ལ་བརྟེན་ནས་མཆོད་རྟེན་དཀར་པོ་དགོན་གྱི་རིག་དངོས་སྲུང་སྐྱོང་དང་གསར་སྤེལ་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས། ལོ་5ནས་10བར་གྱི་དུས་ཚོད་ནང་དྲན་གསོ་ཁང་ལྟེ་བར་བྱས་ཏེ་ཐེན་ཐི་རི་བོའི་བྲག་ཕུག་དང་། བྱེ་ཐང་སྤྱི་གླིང་། ཧྲེན་ཀྲོའུ་རི་སྐྱེས་སྲོག་ཆགས་གླིང་སོགས་མཛེས་ལྗོངས་ཁུལ་དང་མཉམ་འགུལ་བྱས་ནས། ཝུའུ་ཝུའེ་ཤར་ལྷོ་ཁུལ་གྱི་ཡུལ་སྐོར་ལྟེ་བའི་ཁུལ་གཏོད་རྒྱུ་བརྩོན་ལེན་བྱ་རྒྱུ་རེད། (http://tibet.people.com.cn/15829855.html) 

ས་པཎ་སྐུ་གདུང་མཆོད་རྟེན་གྱི་འགྲེལ་བཤད་དཔྱད་ཡིག་ལ་ལྟ་བཞིན་པ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1