ཨུ་རུ་སིའི་གྲོས་ཁང་གོང་མས་ནཱ་ཁཱ་ས་ཁུལ་དུ་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་པར་འཐད་པ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-20


        ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཨུ་རུ་སིའི་གྲོས་ཁང་གོང་མས་ཚེས་བཅོ་བརྒྱད་ཉིན་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་དུ་ཨུ་རུ་སིའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 
        ཨུ་རུ་སིའི་གྲོས་ཁང་གོང་མའི་དྲ་ཚིགས་ཀྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། གྲོས་ཁང་གོང་མས་ཉིན་དེར་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལ་ཞུགས་མཁན་དག་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་ནས་བཟུང་ནཱ་ཁཱ་ས་ཁུལ་དུ་ཨུ་རུ་སིའི་ཞི་བདེ་དམག་དཔུང་མངག་གཏོང་བྱས་ནས། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་པར་ཁག་ཐེག་དང་། མི་སེར་དཀྱུས་མར་ཤི་རྨས་ཐེབས་པ་དང་དམངས་སྤྱོད་སྒྲིག་ཆས་ལ་གཏོར་བརླག་ཐེབས་པར་སྔོན་འགོག་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 
        ཨུ་རུ་སིའི་གྲོས་ཁང་གོང་མའི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་ཡིས་བསྟན་དོན། ནཱ་ཁཱ་ས་ཁུལ་དུ་ཨུ་རུ་སིའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་མང་གཏོང་བྱེད་པ་ནི་ས་ཁུལ་དེའི་ཞི་བདེ་ཁོ་ནའི་ཆེད་དུ་མ་ཡིན་པར། ཡུལ་གྱར་པ་དག་ཕྱིར་རང་ཡུལ་དུ་ལོག་པར་འགན་སྲུང་བྱེད་པའི་ཆེད་དུའང་ཡིན། ཨུ་རུ་སིའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ནཱ་ཁཱ་ས་ཁུལ་གྱི་དམག་དོན་འཁྲུག་རྩོད་བཀག་འགོག་དང་ཁྲག་བཞུར་འཁྲུག་རྩོད་སྔོན་འགོག་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1