འཛམ་གླིང་ལ་སྐྱེས་སུ་འབུལ་བའི“བོད་ལྗོངས་ཀྱི་ཕྱག་རྟགས”སྤུས་ལེགས་ཁག་གཅིག་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའ་བོད་ལྗོངས་དྲ་བ། སྤེལ་དུས། 11-20



           ཟླ11པའི་ཚེས16ཉིན། 2020ལོའི “གོ་ལའི་གླིང་སྣེ་གསུམ་པ། བོད་ལྗོངས་ཀྱི་ཕྱག་རྟགས”ཡུལ་སྐོར་རིག་གནས་གསར་གཏོད་ཚོང་རྫས་འགྲན་བསྡུར་ཆེ་མོ་སྐབས་བརྒྱད་པ་དེ་བོད་རང་སྐྱོང་ལྗོངས་མི་རིགས་ཀྱི་ཁྱད་ལྡན་སྤུས་རྟགས་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་སུ་སྤེལ་བ་རེད། ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན་སོགས་ཀྱི་རིམ་པ་མང་པོ་ཞིག་གི་ཞིབ་དཔྱད་དང་། ཡུལ་དངོས་ཀྱི་འགྲེམས་སྟོན་དང་འགྲེམས་ཚོང་བྱས་པ་བརྒྱུད། བོད་སྤོས་སྤྱི་ལྟེ་གནའ་བོའི་ལྡེབས་རིས་ལས་བྱུང་བའི་ཐོན་རྫས་དང་། ཁུ་ལུ་སྲབ་ཤོས་ཀྱི་མེ་ཏོག་སྦྱར་བའི་སྐེ་དཀྲིས། གཡང་དཀར་གྱི་སུར་པན་ལྕགས་ཀྲིན་ཆུང་བ་སོགས་ཀྱི་ཚོང་རྫས་རྣམས་འགྲན་བསྡུར་ནང་ཞུགས་པའི་བརྩམས་ཆོས་བརྒྱ་ཕྲག་གི་ནང་ནས་འབུར་དུ་ཐོན་ཏེ། རིམ་པ་བཞིན་གསེར་དང་། དངུལ། ཟངས་བཅས་ཀྱི་བྱ་དགའ་ཁག་བཞི་ཐོབ་པར་མ་ཟད། “བོད་ལྗོངས་ཀྱི་ཕྱག་རྟགས”ཀྱི་ས་ཁོངས་སྤྱི་པའི་སྤུས་རྟགས་སྤྱོད་པའི་དབང་ཆ་ཐོབ་པ་རེད།

           ཡུལ་སྐོར་རིག་གནས་གསར་གཏོད་ཀྱི་ཚོང་རྫས་འགྲན་བསྡུར་ཆེན་མོའི་འབྲེལ་ཡོད་མི་སྣའི་མཉམ་པར།

           བྱ་དགའ་ཐོབ་པའི་ཁེ་ལས་ཀྱི་མི་སྣས་འགྲན་བསྡུར་རྗེས་སུ་བླངས་པའི་མཉམ་པར།
           སྐབས་འདིའི་འགྲན་བསྡུར་ཆེན་མོ་ནི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་ཤིང་། དེར་བསྡོམས་པས “མཛེས་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཡུལ་སྐོར་རིག་གནས་གསར་གཏོད”དང་།  “མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གསར་གཏོད”“རྒྱན་གོས་རྒྱན་ཆས(རྒྱན་ཆ་ཚུད་པ)”“འཚོ་བའི་སྡོད་གནས་རིག་གནས་གསར་གཏོད”བཅས་ཚོགས་ཆུང་ཆེན་པོ་བཞི་བཙུགས་ཡོད། འགྲན་སྡུར་གྱི་འགོ་བཙུགས་པ་ནས་བཟུང་། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་ཆེན་པོ་ཐོབ་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་བརྒྱ་ཙམ་དང་། ཚོང་རྫས་བརྒྱ་ཕྲག་ཁ་ཤས་ཀྱིས་འགྲན་བསྡུར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། དུས་མཚུངས་སུ་འགྲན་བསྡུར་ཆེན་མོའི་སྒྲིག་འཛུགས་ཨུ་ལྷན་གྱིས “བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་དག་འགྲེམས་ཚོང་ལྟེ་གནས”སུ་དྲ་ཕྱིའི“བོད་ལྗོངས་ཡུལ་སྐོར་རིག་གནས་གསར་གཏོད་སྤུས་དག་ཁང”བཙུགས་ནས་བསྐྱར་འགྲན་ནང་བདམས་ཐོན་བྱུང་བའི་ཚོང་རྫས་རྩེ་གྲ24ལྷག་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་པར་གདན་ཞུ་བྱས་ཏེ། “བོད་ལྗོངས་ཀྱི་ཕྱག་རྟགས” ཆེས་སྤུས་ལེགས་དང་ཆེས་སྟོབས་ཤུགས་ལྡན་པ་གདམ་པར་འགན་ལེན་བྱས་པ་རེད།

           དཔྱད་འདེམས་པ་རྣམས་ཀྱིས་མིང་ཐོའི་ནང་ཚུད་པའི་ཐོན་རྫས་ལ་ལྟ་སྐོར་བྱེད་བཞིན་པ།

           ཡུལ་དངོས་སུ་མིང་ཐོའི་ནང་ཚུད་པའི་ཐོན་རྫས་ཤོམ་ནས་འགྲེམས་སྟོན་བྱེད་བཞིན་པ།
           རྒྱལ་ཕམ་རྟིང་རྩོད་འགྲན་བསྡུར་གྱི་ཡུལ་དངོས་སུ། བོད་རང་སྐྱོང་ལྗོངས་ཕྱི་ནང་གི་རིག་གནས་དང་། ཡུལ་སྐོར། སྒྱུ་རྩལ། སྨྱན་སྦྱོར་སོགས་ཁྱབ་ཁོངས་མི་འདྲ་བའི་རིགས་གཅིག་མཁས་ཅན་དང་དེ་བཞིན་ཕུལ་བྱུང་སྣེ་ཤན་པ་དང་ཡུལ་སྐོར་པའི་འཐུས་མི་ལས་གྲུབ་པའི་མི9ཡི་དཔྱད་འདེམས་ཚོགས་པས་ཚོང་རྫས་རེ་རེར་སྤྱི་བསྒྲགས་ཀྱིས་སྐར་མ་བརྒྱབ་པ་དང་།  ཁྱབ་ཁོངས་མི་འདྲ་བ་དང་ཕྱོགས་མང་པོའི་ཐད་ནས་ཚོང་རྫས་ལ་ཕྱོགས་བསྡུས་ཀྱིས་དཔྱད་བསྡུར་བྱས་མཐར། མཇུག་མཐར《ཚོན་མདངས་ཆེ་བའི་བོད་ལྗོངས》སུ་ལུ་རིང་མོ་དང་། ཉིང་ཁྲིའི་རིག་གནས་ཡུལ་སྐོར་གནམ་ལྕགས་འབར་བའི་གནམ་གཤིས་ཀྱི་ཆུ་ཤེལ་སྤོ་ལོ། ཕོ་བྲང་པོ་ཏ་ལའི་རིག་གནས་གསར་གཏོད་འདྲ་བཟོའི་དཔེ་དབྱིབས་བཅས་སོ་སོར“མཛེས་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཡུལ་སྐོར་རིག་གནས་གསར་གཏོད་ཚོགས་ཆུང”གི་གསེར་དང་། དངུལ། ཟངས་་ཀྱི་བྱ་དགའ་ཐོབ་པ་དང་། སྤོ་མ་ལའི“མཚལ་ཐང”གི་བཀྲ་ཤིས་ཐང་གའི་ནས་ཀྱི་གྲུང་གཤིས་སོལ་བའི་སྒྲིག་ཆས་ཀྱི་འགེལ་དངོས་དང་། བོད་སྤོས་ཐོན་རྫས། གནའ་བའི་རིག་གནས་ཕོ་བྲང་རྙིང་པའི་ཐང་གའི་ཚོན་མདངས་བརྒྱངས་པའི་རིམ་སྤེལ་རིག་གནས་གསར་གཏོད་ཀྱི་དཔེ་དེབ་བཅས་སོ་སོར“མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གསར་གཏོད”ཀྱི་གསེར་དང་། དངུལ། ཟངས་ཀྱི་བྱ་དགའ་ཐོབ་པ་རེད། གནས་རིའི་བོད་བཟོའི་མུ་འབྲེལ་རྒྱན་གོས་དང་། གནས་མཆོག་འཕྲིན་ཡིག་གི་ཁུ་ལུ་སྲབ་ཤོས་ཀྱི་མེ་ཏོག་སྦྱར་བའི་སྐེ་དཀྲིས་ཏེ། ལུག་མཚོའི་མུ་འབྲེལ་གྱི་སྐེ་དཀྲིས་དང་། དབྱི་བོད་དབྱང་གཡུ་ཡི་མུ་འབྲེལ་རྒྱན་ཆ་སོགས་ལ “རྒྱན་གོས་རྒྱན་ཆས(རྒྱན་ཆ་ཚུད་པ)”ཀྱི་བྱ་དགའ་གསེར་དང་། དངུལ། ཟངས་བཅས་ཐོབ་པ་རེད།  མཐོ་འཕེན་དྲང་ལས་ཀྱི་མཐུན་པ་སྤུན་བཞིའི་ཁྱིམ་སྤྱོད་དཀར་ཆས་དང་།  གོ་ལའི་གླིང་སྣེ་གསུམ་པའི“དབྱངས་ལྡན་ཚོན་རྩིའི་སྒྱུ་རྩལ”གྱི་དངུལ་གྱི་ཕོར་པ་དང་། གཡང་དཀར་ལྕགས་ཀྲིན་གྱི་སུར་པན་བཅས་སོ་སོར“འཚོ་བའི་ཡུལ་སྐོར་ཁྱིམ་སྡོད་ཀྱི་རིག་གནས་གསར་གཏོད”ཀྱི་གསེར་དང་། དངུལ། ཟངས་ཀྱི་བྱ་དགའ་ཐོབ་པ་དང་།  ཀྲོ་ཧྥན་ལིན་གྱི་མེས་པོ་སྤྲེའུ་དང་ཅུན་ཆུན་ནས་ཀྱི་ཐོན་རྫས་རབ་དང་རིམ་པ་སོགས་ཚོང་ཟོག11ལ “ཕུལ་བྱུང་བྱ་དགའ”ཐོབ་པ་རེད།
           བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ལོ་ངོ8རིང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས“བོད་ལྗོངས་ཀྱི་ཕྱག་རྟགས”ཀྱི་ཡུལ་སྐོར་ཚོང་རྫས་འགྲན་བསྡུར་ཆེན་མོ་བསྟུད་མར་སྤེལ་ཏེ།  གསར་གཏོད་ཀྱི་བསམ་བཀོད་ལ་དམིགས་པ་དང་། ལག་ཤེས་པའི་སྙིང་སྟོབས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྤུས་ལེགས་ཀྱི་ཡུལ་སྐོར་ཚོང་རྫས་འབོར་ཆེན་ཞིག་བདམས་ཐོན་བྱུང་སྟེ། ཚོང་ར་དང་ཁེ་ལས་ལ་དགོས་ངེས་ཀྱི་ཁྲིད་སྟོན་བྱས་ནས་བོད་ལྗོངས་ཀྱི་ཡུལ་སྐོར་ཚོང་རྫས་ལས་རིགས་འཕེལ་རྒྱས་ཡག་པོ་ཡོང་བར་འགན་ལེན་བྱས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཕྱི་ནང་དུ་སྲོལ་རྒྱུན་ལ་བརྩི་འཇོག་དང་། གསོན་ཤུགས་ཀྱིས་ཁེངས་པ། སྣ་མང་ཕུན་སུམ་ཚོགས་པའི་བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་གསར་གཏོད་ཀྱི་ཚོང་རྫས་དུས་རབས་ཀྱི་རྣམ་པ་མངོན་པར་བྱས་ཡོད་དོ། །
           རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་གསར་གཏོད་ཚོང་རྫས་འགྲན་བསྡུར་ཆེན་མོ་དེ2013ལོ་ནས་བཟུང་སྐབས་བརྒྱད་རིང་བདེ་ལེགས་ངང་སྤེལ་ཞིང་། དེ་ནི་བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་གསར་གཏོད་ཁྱབ་ཁོངས་ཀྱི་ཚད་གཞི་མཐོ་ཤོས་དང་། ཞུགས་རྒྱ་ཆེ་ཤོས། གྲུབ་འབྲས་ཕུན་སུམ་ཚོགས་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་འགྲན་སྡུར་ཆེན་མོ་ཞིག་ཏུ་གྱུར་ཡོད་པ་རེད། སྐབས་འདིའི་འགྲན་བསྡུར་ཆེན་མོའི་ནང་ལོ་བསྟུད་མའི་རིང་གི “བོད་ལྗོངས་ཀྱི་ཕྱག་རྟགས”ཀྱི་ས་ཁོངས་སྤྱི་པའི་སྤུས་རྟགས་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་གནད་སྒོས་མངོན་པར་བྱས་ཏེ། “བོད་ལྗོངས་ཀྱི་ཕྱག་རྟགས”ཀྱི་ས་ཁོངས་སྤྱི་པའི་སྤུས་རྟགས་ངོས་ལེན་མ་ལག་བཏོན་ནས་ས་གནས་ས་ཐོག་ཏུ་ཁྲིམས་རྩོད་པའི་ལས་དོན་ཁང་གདན་འདྲེན་བྱས་ཏེ། “བོད་ལྗོངས་ཀྱི་ཕྱག་རྟགས”ཀྱི་སྤུས་རྟགས་དབང་ཆ་སྤྲད་པའི་བྱ་དགའ་ཐོབ་པའི་ཐོན་རྫས་ཀྱིས་ཁེ་ལས་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་གྲོས་མཐུན་ལ་མིང་རྟགས་བཀོད་ཅིང་། དེའི་དམིགས་ཡུལ་ནི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དང་ཐོག་མའི་ཇུས་འགོད་ཀྱི་པར་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་དང་། བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ “བོད་ལྗོངས་ཀྱི་ཕྱག་རྟགས”ཚོང་རྟགས་གྲགས་ཅན་དག་མི་སེམས་སུ་ཐིམ་པར་བྱས་ཡོད་དོ། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1