༄༅།།ག་དུས་ཡིན་ཀྱང་ལག་པ་བཀྲུ་རྒྱུ་བརྗེད་མི་རུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-20




        2020ལོའི་ལོ་འགོར་ཏོག་གསར་གློ་ཚད་རིམས་ནད་བྱུང་བ་དང་བསྟུན། ཆེད་མཁས་པ་རྣམས་ཀྱིས་འཕྲོད་བསྟེན་སྐོར་ནས་མཉམ་འཇོག་བྱ་དགོས་པའི་རྒྱུན་ཤེས་མང་པོ་ཞིག་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ངོ་སྤྲོད་གནང་བྱུང་བས། ང་ཚོས་ཀྱང་རང་གཞན་ཀུན་གྱི་བདེ་ཐང་གི་ཆེད་དུ་དེ་ལྟར་བསྒྲུབས་པ་རེད། ཡིན་ནའང་ད་ཆ་རིམས་ནད་ཀྱི་གནས་ཚུལ་ཞི་ལྷོད་དུ་གྱུར་བ་དང་བསྟུན་ནས་ཚང་མས་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་རྒྱུ་སོགས་ལ་དེ་འདྲའི་དོ་སྣང་བྱེད་ཀྱིན་མི་འདུག
    སྤྱིར་དགུན་དུས་སུ་མིའི་ལུས་པོའི་ནད་རིགས་སྣ་ཚོགས་འགོག་པའི་ནུས་པ་ཅུང་ཞན་པས། ཆམ་ནད་དང་འགོས་ནད་རིགས་སྣ་ཚོགས་འབྱུང་སླ།དེ་བས་ཚང་མས་རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ་ལག་པ་གཙང་མ་བཀྲུ་རྒྱུ་བརྗེད་མི་རུང་། རྒྱུ་མཚན་ནི་ང་ཚོས་མིག་གིས་མཐོང་མི་ཐུབ་པའི་འབུ་ཕྲ་མང་པོ་ཞིག་གིས་སོ་སོའི་བདེ་ཐང་ལ་གཙེ་བཞིན་ཡོད། དེ་རིང་ང་ཚོས་མཉམ་གཅིག་ཏུ་དངོས་བཤེར་ཆུང་ཆུང་ཞིག་བརྒྱུད་ནས་ལག་པ་བཀྲུ་དགོས་པའི་གལ་ཆེན་རང་བཞིན་གསལ་བཤད་ཅིག་བྱ།
        གྲོགས་པོ་རྣམ་པ། དུས་ཚོད་ཐུང་ཐུང་ཞིག་གི་ནང་དངོས་བཤེར་བྱས་པ་བརྒྱུད། སྔོན་གྱི་ལག་པ་གཙང་མ་དེ་ད་འདི་འདྲ་ཞིག་ཏུ་གྱུར་འདུག རྒྱུན་ལྡན་འཚོ་བའི་ཁྲོད་དུ། ང་ཚོས་མིག་གིས་མཐོང་མི་ཐུབ་པའི་འབུ་ཕྲ་གྲངས་མེད་ཡོད་པས། ལག་པ་བཀྲུ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད།  ཁྱེད་ཚོ་ཕྱི་ནས་ནང་དུ་ལོག་སྐབས་དང་། ཟ་མ་མ་ཟོས་གོང་། གཡོས་སྦྱོར་མ་བྱས་གོང་། ཡང་ན་གསང་སྤྱོད་ནང་དུ་སོང་རྗེས། སྒོ་ཕྱུགས་ལ་རེག་ཚར་སྐབས་སོགས་སུ་ལག་པ་བཀྲུ་རྒྱུ་དེ་གོམས་གཤིས་སུ་ཆགས་པར་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད།


རྩོམ་ཡིག་རྗེས་མ།
ཀོང་པོའི་ལོ་གསར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1