གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༢༤ཉིན།

དགོན་སེར་དཔེ་དེབ་གླིང་གི་རིག་ལྡན་དཔེ་མཛོད་ཁང་།


          ལྟ་ཀློག་གིས་རིག་གནས་རྒྱུན་འཛིན་དང་སྤྱི་ཚོགས་སློབ་གསོའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ལ། གསར་དུ་བསྐྲུན་པའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་མཛོད་ཁང་གིས་མཉམ་འབྲེལ་དྲ་རྒྱའི་ལག་རྩལ་དང་། ཆ་འཕྲིན་ལག་རྩལ། གཞི་གྲངས་ཆེན་པོ་སོགས་ལ་བརྟེན་ནས་སྲོལ་རྒྱུན་གྱི་དཔེ་མཛོད་ཁང་ནས་གྲངས་འཛིན་དཔེ་མཛོད་ཁང་དུ་འགྱུར་ལྡོག་བཏང་སྟེ། སློབ་གླིང་གི་དགེ་སློབ་ལ་སྐྱིད་སྣང་དོད་པའི་ལྟ་ཀློག་ཁོར་ཡུག་ཅིག་བསྐྲུན་པ་དང་། སྟབས་བདེའི་དཔེ་ཀློག་ཞབས་ཞུ་མཁོ་འདོན་བྱས་ནས་དགེ་སློབ་ཀྱི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་དགོས་མཁོ་བསྐངས་པས་དགེ་སློབ་རྣམ་པའི་སློབ་ཕྱིའི་འཚོ་བ་ཕུན་སུམ་ཚོགས་པོར་བཏང་ཡོད། 

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་མཛོད་ཁང་གི་ཟུར་གཅིག
      དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་རྣམས་ཀྱི་ཁྲོད་དུ་མཚན་ཉིད་རིག་པ་དང་། ལོ་རྒྱུས། རྩོམ་རིག ཏང་སྲིད། ཆོས་ལུགས་སོགས་འདུས་ཡོད། ད་ལྟ་ཉར་ཚགས་བྱས་པའི་དཔེ་དེབ12000ལྷག་ཡོད་ལ། བཀའ་བསྟན་དང་གྲུབ་མཐའ་ཁག་གི་གསུང་རབ་སྣ་རིང་པོད6100ལྷག་ཙམ་དང་།  དུས་དེབ་དང་ནང་ཁུལ་གྱི་སློབ་སྦྱོང་དཔྱད་གཞི་ཁྱོན་བསྡོམས་རིགས100ལྷག་ཡོད།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་མཛོད་ཁང་གི་ནང་རོལ།

          ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་མཛོད་ཁང་དུ་དེང་རབས་ཅན་གྱི་གཡོར་སྟེགས་ལ་བརྟེན་ནས་གང་མྱུར་གྱིས་གཡར་ནས་ཀློག་ཐུབ་པ་མངོན་འགྱུར་བྱས་ཤིང་། དཔེ་མཛོད་ཁང་གིས་དྲ་རྒྱའི་གྲངས་གཞིའི་ཐོན་ཁུངས་ཞབས་ཞུའི་ལས་སྟེགས་རྨང་གཞིར་བྱས་ཏེ། མཉམ་འབྲེལ་དྲ་རྒྱ་ལ་བརྟེན་ནས་དཔེ་དེབ་ཀྱི་དཀར་ཆག་རྩད་གཅོད་པ་དང་། དཔེ་དེབ་གཡར་ཀློག  གློག་རྡུལ་ཡིག་ཚགས་ལྟ་ཀློག་སོགས་ཀྱི་ནུས་པ་ལྡན་པས་དུས་ཚོད་དང་བར་སྟོང་གང་གི་ཆ་ནས་ཀྱང་ཀློག་པ་པོའི་དཔེ་ཀློག་ལ་གེགས་རྒྱ་མེད་པར་བྱས་ཡོད།

          དཔེ་དེབ་འཚོལ་བཤེར་གྱི་མཉམ་འབྲེལ་དྲ་རྒྱ་ལས་སྟེགས། མཉམ་འབྲེལ་དྲ་རྒྱ་ལ་བརྟེན་ནས་ནང་བསྟན་སློབ་གླིང་གི་དགེ་སློབ་རྣམས་ཀྱིས་མགྱོགས་མྱུར་ངང་དཔེ་དེབ་ཉར་ཚགས་བྱ་ཡུལ་འཚོལ་ཞིབ་བྱས་ཆོག

          དཔེ་མཛོད་ཁང་གི་གློག་རྡུལ་གཡོར་ཀློག་འཕྲུལ་ཆས་ནང་ད་ལྟ་དཔེ་དེབ་སྟོང2ལྷག་བཅུག་ཡོད་པ་དང་། ཟླ་རེར་དུས་བཀག་ལྟར་དེབ200ཇེ་མང་དུ་གཏོང་བཞིན་ཡོད་པས། དགེ་སློབ་ཚོས་འབྲེལ་ཡོདAPPཕབ་ལེན་བྱས་ནས་ལག་ཁྱེར་ཁ་པར་གྱི་ཨང་གྲངས་བཤེར་ནས་གཡར་ཀློག་བྱེད་ཆོག་པ་དང་ནམ་ཡང་ལྟ་ཀློག་བྱེད་ཆོག་པའི་དགོས་མཁོ་ཡང་བསྐངས་ཡོད།

དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཆོས་དཔེ་སྣ་རིང་ཁག་ཅིག

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བས་སློབ་གསེང་སྐབས་སུ་དཔེ་མཛོད་ཁང་དུ་སློབ་སྦྱོང་བྱེད་བཞིན་པ།

བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ནས་ཡོང་བའི་ནང་བསྟན་སློབ་གླིང་གི་དགེ་རྒན་གྱིས་དུས་དེབ་ཐོག་ནས་ཕ་ཡུལ་གྱི་འབྲེལ་ཡོད་རྩོམ་ཡིག་ལ་ལྟ་བཞིན་པ།

དཔེ་དེབ་གཡོར་བཞིན་པ།

དཔེ་མཛོད་ཁང་གི་དཔེ་དེབ།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཉར་ཚགས་བྱས་པའི《ཀྲུང་གོའི་བོད་ལྗོངས》ཀྱི་དུས་དེབ་ཕྱོགས་བསྒྲིགས།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་མཛོད་ཁང་དུ་ཡོད་པའི་རྒྱ་བོད་དབྱིན་གསུམ་གྱི་དཔེ་དེབ་དང་དུས་དེབ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1