ཞི་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་དང་དྲ་སྦྲེལ་གོང་འཕེལ་གླེང་སྟེགས་ལ་ཤིས་འཕྲིན་བསྐུར་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-24


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་དང་དྲ་སྦྲེལ་གོང་འཕེལ་གླེང་སྟེགས་སྤྱི་ཟླ་11པའི་ཚེས་23ཉིན་ཀྲེ་ཅང་ཝུ་ཀྲེན་དུ་འགོ་ཚུགས་ཡོད་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་ཡོད་པ་རེད།
        ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ཐོག་རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད་པ་དང་། གྲངས་འཛིན་ལག་རྩལ་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། རྒྱང་ཚོར་སྨན་བཅོས་དང་། དྲ་ཐོག་སློབ་གསོ། མཉམ་སྤྱོད་སྟེགས་བུ། མཐུན་སྦྱོར་གཞུང་ལས་སོགས་བཀོལ་སྤྱོད་རྒྱ་ཁྱབ་བྱུང་ཡོད་པ་དང་། མཉམ་སྦྲེལ་དྲ་བས་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོར་སྐུལ་འདེད་དང་སྤྱི་ཚོགས་ཁོར་རྒྱུག་འགན་སྲུང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ། ཆ་འཕྲིན་གསར་བརྗེའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། གསར་གཏོད་གོང་འཕེལ་གྱི་འགུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ་དང་། གྲངས་འཛིན་མཉམ་ལས་ཀྱི་གནས་བབ་གསར་པ་གཏོད་པ། དྲ་སྦྲེལ་བདེ་འཇགས་ཀྱི་རྣམ་པ་གསར་པ་བསྐྲུན་པ། དྲ་བའི་བར་ཁམས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པ་བཅས་བྱས་ནས། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1