གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༢༧ཉིན།

སེར་ཤུལ་གྱི་དུས་རབས་གསར་པའི་བསམ་བློའི་དྲིལ་བསྒྲགས་ལས་དོན་སྐོར།


        སེར་ཤུལ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་རིམ་འཕར་ལ་སྐུལ་འདེད་བཏང་བ།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དཔེ་སྟོན་གསུམ་དང་དཔེ་བཟང་གཅིག་གི་ལས་ཁུངས་འཛུགས་སྐྱོང་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་བ་ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་བཏང་སྟེ་དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད།  སེར་ཤུལ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་ནང་གི་བསམ་བློ་མཐོང་ཆེན་དང་ཕྱིའི་གླེང་ཕྱོགས་ཁྲིད་སྟོན་བྱས་ཏེ་དཔེ་བཟང་ལས་ཁུངས་འཛུགས་པ་དང་ཕུལ་བྱུང་དཔུང་ཁག་འཛུགས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ།  དམིགས་པ་གསུམ་བཟུང་སྟེ་སྤུས་ལེགས་ལས་ཁུངས་ཀྱི་ཏང་འཛུགས་སྤུས་རྟགས་རྩེ་གྲ་བསྐྲུན་ཡོད།
དད་སེམས་ལ་དམིགས་ནས་དད་སེམས་བརྟན་པོའི་ཆབ་སྲིད་ལས་ཁུངས་སྐྲུན་པ།
        དར་ཆ་གསལ་བོར་སྒྲེང་ནས་ཆབ་སྲིད་ལ་དང་དོད་བྱ་རྒྱུ་དེ་ལས་ཁུངས་འཛུགས་སྐྱོང་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་ཆེ་ཤོས་དང་།ཕུགས་བསམ་དང་ཡིད་ཆེས་ཀྱི་སློབ་གསོ་བྱ་རྒྱུ་དེ་མངོན་གསལ་དོད་པོའི་གནས་སུ་འཇོག་རྒྱུ་ལ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་འཛུགས་རྒྱུ་སློབ་གསོ་དང་ཁྲིད་སྟོན་བྱེད་པ།  རང་འགུལ་གྱིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལྡན་པའི་མི་དང་ལག་ལེན་པ་ཞིག་བྱེད་དགོས།  དུས་དང་རྣམ་པ་ཀུན་ཏུ་རང་ངོས་ཀྱི་ཆབ་སྲིད་ཀྱི་ངོ་བོ་བློ་ལ་བརྟན་པོ་ངེས་པ་བྱས་ཏེ། རང་འགུལ་གྱིས་སྲུང་སྐྱོང་གཉིས་ཟུང་འབྲེལ་དང་ལག་བསྟར་བྱ་དགོས།   
        ད་ལོ་ནས་བཟུང་།  སྤྲིན་རིམ་སེར་ཤུལ།འབྲོག་ཁུལ་ཡུལ་སྐད་ཞེས་པའི་མུ་འབྲེལ་སྒྲོག་འབྲེལ་ཚོང་རྟགས་གྲགས་ཅན་ལ་བརྟེན་ནས3+3+Nཡི་བསྒྲགས་བཤད་བྱེད་སྟངས་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན།    ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། གྲོང་ཁྱེར་དང་རང་སྐྱོང་ཁུལ་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་གསར་སྐྲུན་ལས་དོན་དང་བདེ་འཇགས་སེར་ཤུལ་འཛུགས་སྐྲུན།  ཆེད་དམིགས་བཅོས་སྐྱོང་བྱེད་སྒོ་ཁག་གཉིས།  དབུལ་བྲལ་འགག་སྒྲོལ།  རྩྭ་ཐང་དང་ནགས་ཚལ་གྱི་མེ་འགོག་སོགས་ནང་དོན་གཙོ་བོ་ཡིན་པའི་སྒྲོག་སྦྱང་བྱེད་སྒོ་ཆེ་གྲས་གསུམ་སྤེལ་ཞིང་། སྒྲོག་འགྲེལ་ཐེངས་190ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་18ལྷག་ཙམ་ལ་ཁྱབ་པ་བྱས།    ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། མེས་རྒྱལ་ལ་དགའ་ཞེན། ཁྲིམས་ལུགས་སྲུང་སྐྱོང། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ཁྲིད་སྟོན་བྱས་ཏེ། སྤྲིམ་རིམ་སེར་ཤུལ་དུ་ཡུལ་སྐད་སྤྱད་ནས་ཏང་གི་སྐད་སྒྲ་བརྒྱུད་སྒྲག་བྱས་ཏེ།མང་ཚོགས་ཀྱི་འཚོ་བའི་ཁྲོད་ཉེ་བཅར་དང་།  མི་སེམས་འགུལ་བ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་སྐྱེ་ཁམས་དང་། རིག་གནས།བདེ་སྐྱིད་སེར་ཤུལ་བསྐྲུན་ཆེད་བསམ་བློའི་འགན་ལེན་དང་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།
སློབ་ལ་མཁས་པར་དམིགས་ནས་ལས་སྒོ་བྱང་ཆུབ་པའི་ལས་ཁུངས་སྐྲུན་པ། 
        ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་།སློབ་སྦྱོང་དང་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་རྒྱུ་དེ་བྱེད་ཐབས་ནུས་ལྡན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དྲིལ་བསྒྲགས་ལས་བྱེད་པའི་ནུས་བཞི་སློབ་གསོ་ལག་ལེན་གྱི་ལས་དོན་དམ་འཛིན་བྱེད་པ་ཤུགས་སྣོན་རྒྱག་སྟེ། གཅིག་ཅན་བཞི་ཡི་སློབ་སྦྱོང་ལག་ལེན་གྱི་བྱེད་སྒོ་བཅས་ཧུར་ཐག་གིས་སྤེལ།  སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་ལས་སྟེགས་བེད་སྤྱོད་ལེགས་པོ་བྱས་ཏེ།གོང་རིམ་གྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་དང་། ནང་དོན་གལ་ཆེན་རྒྱུན་དུ་སྦྱོང་བ། ཆེད་དོན་སློབ་གསོ་མཉམ་དུ་སྦྱོང་བ།ཞིབ་བསྡུར་སྤེལ་རེས་ཡུལ་དངོས་ནས་སྦྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ལས་ཁུངས་གཞན་ཏུ་སློབ་སྦྱོང་བྱེད་པར་འགྲོ་བའི་སྦྱོང་བརྡར་གྱི་བྱ་ཐབས་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ།  ལས་ཁུངས་ཀྱི་ལས་བྱེད་པ་3ཁམས་པ་བརྙན་འཕྲིན་དང་།དཀར་མཛེས་ཉིན་རེའི་ཚགས་པར་ཁང་། ཁུལ་བརྙན་འཕྲིན་ལས་ཁུངས་བཅས་སུ་སློབ་སྦྱོང་བྱེད་དུ་མངགས་ཏེ།  ལས་བྱེད་པ་འཚར་ལོངས་ཀྱི་ལམ་བུ་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ་དང་།ལས་བྱེད་པའི་ལག་ལེན་ཁྲོད་ཀྱི་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ།  ལས་བྱེད་པའི་ལས་སྒོའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས།  ལས་བྱེད་པའི་དངོས་ཡོད་གནད་དོན་ཐག་གཅོད་དང་རྙོག་འཛིང་ཆེ་བའི་འགལ་བ་ཐག་གཅོད་བྱེད་པའི་ལས་སྒོའི་ནུས་པ་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ།  ནུས་ཤུགས་ཡོད་རྒུས་འབྲི་མཁས་པ་དང་།  བཤད་མཁས་པ།  སྒྲུབ་ཐུབ་པ་བཅས་ཀྱི་དུས་རབས་གསར་པའི་སྤྲིན་རིམ་དྲིལ་བསྒྲགས་དཔུང་ཁག་ཞིག་གསོ་སྐྱོང་བྱས་ཡོད།  

        འགན་འཁུར་ཕོད་པར་དམིགས་ནས་གཞུང་དྲང་གསར་གཏོདཀྱི་དངོས་སྒྲུབ་ལས་ཁུངས་སྐྲུན་པ།    
        ལས་ཁུངས་ཀྱི་སྲིད་འཛིན་ཕན་ནུས་ཆེ་རུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས།ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་དོན་གྱི་སྲོལ་ཡིག་ཁྱོན་ཡོངས་ནས་ལག་ལེན་བྱས་ནས།ཚད་གཞི་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བཟུང་ཏེ་ཏང་ཡོན་ལས་བྱེད་པས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།དུས་ཚོད་དང་མི་དམངས་ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་བྱས་རྗེས་དངོས་སུ་འཇོག་པ་ལ་འབད། ལས་སྒྲུབ་ལས་སྐྲུན་གྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་མི་ཆད་པར་སྐུལ་སྤེལ་གཏོང་བ་དང་།དྲིལ་བསྒྲགས་བསམ་བློའི་ལས་དོན་གཞུང་དྲང་གསར་གཏོད་དང་གཙོ་གནད་འགག་སྒྲོལ་ཡོང་བར་སྐུལ་འདེད་གཏོང་བ།རང་རྟོགས་ངང་སྤྱི་ཡོངས་ཀྱི་ཚད་མཐོའི་ཇུས་འགོད་དང་ལས་དོན་ལ་སྐུལ་འདེད་གཏོང་བར་དམིགས་ནས།ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་གཞིར་བཟུང་བའི་ཁྲོད་བྱས་རྗེས་དང་འགན་འཁྲི་འཁུར་བ་མཚོན་པར་བྱས།ཁ་ཕྱོགས་ཡང་དག་འཛིན་པ་དང་།   སྨྱན་སྦྱོར་གྱི་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་བསྟུན་ནས།སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།རྫོང་ཨུའི་ལྟེ་བའི་ལས་དོན་ལ་དམིགས་ནས་སེར་ཤུལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་།  དྲིལ་བསྒྲགས་གནད་འཁེལ་བྱེད་ནས། འཛམ་གླིང་གི་ཆེས་མཛེས་པའི་བརླན་ས་དང་།ལོ་ངོ་སྟོང་གི་ཐང་བོད་གནའ་ལམ།  རྡོ་བརྐོས་སྒྱུ་རྩལ་གྱི་རྒྱལ་ས། བཀྲ་ཤིས་པའི་བྱང་སྡེ་ཉི་མ་བཅས་མིང་བྱང་བཞིའི་སྐད་གྲགས་ཆོད་ཚད་དང་མཚན་སྙན་རྒྱུན་ཆད་མེད་པར་ཁྱབ་སྤེལ་གཏོང་བ། རྫོང་རིམ་པའི་དངུལ་རྩའི་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། གཙོ་རྒྱུན་གླེང་ཕྱོགས་ཀྱི་བརྗོད་དོན་གཙོ་བོ་དམ་འཛིན་དང་དྲང་ནུས་དར་སྤེལ་གཏོང་དགོས།   

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1