གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༡ཉིན།

བྲོ་གར་《ཆུ་བོ་ཆེན་པོའི་འབྱུང་ཁུངས》ཟི་ལིང་ནས་འཁྲབ་སྟོན་ཐོག་མ་བྱས།


   ཟླ་11ཚེས་27ཉིན། གསར་རྩོམ་བྱས་པའི་མི་རིགས་བྲོ་གར་《ཆུ་བོ་ཆེན་པོའི་འབྱུང་ཁུངས》ཟླ་11ཚེས་26ཉིན་གྱི་དགོང་མོར་མཚོ་སྔོན་ཟློས་གར་ཁང་དུ་འཁྲབ་སྟོན་ཐོག་མ་བྱས། མཚོ་སྔོན་འཁྲབ་སྟོན་ཚོགས་པ་ནས་ཤེས་རྟོགས་བྱུང་གསལ། བྲོ་གར་དེས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རྨ་ཆུའི་རིག་གནས་ལ་སྙིང་བསྡུས་དང་། འགྲེལ་བརྗོད་བྱས་ཏེ་གར་སྟེགས་ཀྱི་སྐད་ཆའི་ཐོག་ནས་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ལ་རིག་གནས་ཀྱི་ནང་དོན་བསྩལ་ཡོད་པ་དང་། འབྱུང་ཁུངས་ཀྱི་ལོ་རྒྱུས་རིག་གནས་རྒྱུན་མཐུད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བར་བསམ་པའི་ཧུར་ཐག་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། 
   བྲོ་གར་《ཆུ་བོ་ཆེན་པོའི་འབྱུང་ཁུངས》ཞེས་པའི་ནང་“གང་ཟག་དང་པོའི་”མཐོང་ལམ་ནས་གནའ་སྔ་མོ་དང་དེང་རབས་བར་དང་། ཀླ་ཀློ་དང་ཤེས་དཔལ། མི་དང་སྲོག་ཆགས་བར་བསྡུར་བ་དྲག་པོ་བྱས་པ་བརྒྱུད། སྐྱེ་ཁམས་སྲུང་སྐྱོང་དང་། མི་དང་རང་བྱུང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བཅས་ཕྱོགས་གསུམ་གྱི་འབྲེལ་བ་གསལ་བཤད་བྱས་ཡོད། གསར་རྩོམ་ཁྲོད་ཞབས་བྲོའི་ཐ་སྙད་སྤྱོད་སྐབས་སྲོལ་རྒྱུན་ལ་བརྩི་འཇོག་བྱེད་དགོས་ལ་རྒྱུན་འཛིན་ཁྲོད་གསར་གཏོད་ཀྱང་བྱས་ཡོད་པ་དང་། མིའི་བརྩེ་དུང་ནས་འགོ་བརྩམས་ཏེ་རི་དང་། ཆུ། སྲོག་ཆགས། མི་སྣ་བཅས་གཏམ་རྒྱུད་ཀྱི་བྱུང་བའི་ནང་བཅུག་ཅིང་། དཔའ་ཉམས་ལྡན་པའི་གར་གྱི་སྟངས་སྟབས་ལ་བརྟེན་ནས་ས་མཐོའི་བུ་ཕྲུག་ཚོའི་བབ་ཆགས་པའི་གཤིས་ཀ་དང་བརྩེ་བ་ཟབ་མོ་མཚོན་པ་དང་། སེམས་རྩ་འཁོལ་པོ་དང་ཉམས་དགའ་བ། བག་ཕེབས་ཤིང་དགེ་བར་ཕྱོགས་པའི་རིན་ཐང་ལྟ་བ་འགྲེལ་བརྗོད་བྱས་ནས་གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་དང་རྨ་ཆུའི་ཆུ་འགོའི་རིག་གནས་དར་སྤེལ་གཏོང་བའི་ནང་དོན་ཟབ་མོ་མངོན་པར་བྱས་ཡོད། 
   ཤེས་རྟོགས་བྱུང་བར་གཞིགས་ན། 《ཆུ་བོ་ཆེན་པོའི་འབྱུང་ཁུངས》དེ་མཚོ་སྔོན་ཞིང་ཆེན་གྱི་2020ལོའི་ལོ་འཁོར་གྱི་གཙོ་གནད་གསར་རྩོམ་འཁྲབ་ཚན་ཞིག་ཡིན་པའི་ངོས་ནས། སྨྱན་མང་གཟུགས་ཀྱི་གར་སྟེགས་མཚོན་ཚུལ་སྤྱད་དེ་དཔེ་མཚོན་རང་བཞིན་གྱི་དོན་སྙིང་ལྡན་པའི་སེམས་ཅན་གྱི་རྣམ་པ་གསར་གཏོད་དང་།  སྣ་མང་ཕུན་སུམ་ཚོགས་པའི་ཡན་ལག་གི་སྐད་བརྡ་སྤྱོད་པ།  ལོ་རྒྱུས་སྙན་ངག་ལྟ་བུའི་རྔམ་ཆེ་བའི་རོལ་མོ་ལ་བརྟེན་ནས་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་ཙོང་ཆུའི་རིག་གནས་རྒྱས་བཤད་བྱས་ཤིང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་རིག་གནས་ཀྱི་ནང་དོན་དང་ཤེས་དཔལ་གྱི་སྐྱེ་སྟོབས་བསྩལ་བ་བརྒྱུད་རྨ་ཆུ་དང་སྣོད་བཅུད་ཀྱི་གཏམ་རྒྱུད་བརྗོད་ཡོད་པ་རེད། བྲོ་གར་དེ་གསར་རྩོམ་བྱས་པ་ཡིས་ཀྲུང་གོའི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་དང་། མི་རིགས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།(http://tibet.people.com.cn/15831214.html)  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1