མཁའ་ལམ་ནས་པར་དུ་བསྐྱོན་པའི་གསང་གི་མ་ཎི་རྡོ་མཁར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-12


མཁའ་ལམ་ནས་བླངས་པའི་མ་ཎི་རྡོ་མཁར་གྱི་འདྲ་པར།

                 ཁམས་སེར་ཤུལ་རྫོང་ཁོངས་སུ་ཆགས་པའི་གསང་གི་མ་ཎི་རྡོ་མཁར་ནི་མིག་སྔར་འཛམ་གླིང་སྟེང་གི་མ་ཎི་རྡོ་མཁར་ཆེ་ཤོས་སུ་ཆགས་ཡོད་ཅིང་། དེ་ནི་གནའ་བོའི་བཙན་རྫོང་ཞིག་དང་འདྲ་བར་མཁའ་རུ་འཕགས་འདུག་ལ།     རི་ངོས་དར་ལྕོག་ཚོགས་ཀྱང་རླུང་ཁ་ན་ལྷབ་ལྷུབ་གཡོ་བའི་ཁར།   དམིགས་པ་རྩེ་གཅིག་གཞོལ་བའི་དད་ལྡན་པ་དག་གིས་མ་ཎི་རྡོ་མཁར་ལ་སྐོར་བ་བརྒྱབ་ནས་བསོད་ནམས་ཀྱི་ལས་འབྲས་གསོག་གིན་འདུག  2009ལོར།  པར་ལེན་པ་ཁྲེན་ཞིང་ཡོན་གྱིས་《བོད་ཀྱི་གསང་བ།》བརྙན་དུ་ཕབ་ཆེད་གནས་འདིར་སླེབས་དུས།  གསང་གི་མ་ཎིའི་ཟིལ་ཤུགས་ཀྱིས་མ་ལྡོག་པར་དེ་ཉིད་པར་ལ་འདེབས་རྒྱུའི་བློ་སེམས་ཐོག་མར་སྐྱེས་ཤིང་།   2014ལོའི་དབྱར་ཁར།  ཁོས་མ་ཎི་རྡོ་མཁར་མཁའ་ལམ་ནས་པར་དུ་འདེབས་པར་ཐག་བཅད།

 

                འདི་ནི་མི་མེད་གནམ་གྲུ་ཞིག་སྟེ།   སྤྱིར་བཏང་དེའི་སྟེང་དངོས་ཟོག་སྤྱི་རྒྱ་5ལྷག་ཤོང་ཐུབ་པ་མ་ཟད་འཁོར་སྐར་གྱིས་གནས་ཐིག་གཏན་འཁེལ་བྱེད་པའི་ནུས་པ་ལྡན་ལ།  པར་ལེན་མཇུག་རྫོགས་རྗེས་གནས་མ་ནོར་བར་ཕྱིར་ལྡོག་ཐུབ་པས།   ཐེངས་འདིར་ཆེད་ལས་པར་ཆས་ལྗིད་པོ་དག་དེའི་སྟེང་བཀལ་འདུག    མ་ཎི་རྡོ་མཁར་འདི་ནི་ཚེ་རབས་དུ་མར་དད་ལྡན་པ་མང་པོའི་རྔུལ་ཁྲག་ལས་ཐོན་པ་ཞིག་ཡིན་ཏེ། རྡོ་མཁར་ཡོངས་སུ་སྒྲོམ་གཞིའི་སྐྱོར་མ་སོགས་གང་ཡང་མེད་པར། མ་ཎི་ཡིག་དྲུག་དང་ལྷ་སྐུའི་རྡོ་རྐོས་དག་རིམ་གྱིས་བརྩིགས་ཡོད་ཅིང་།  དེར་ལྡེབས་ངོས་དང་མཆོད་ཁང་།  སྐོར་ལམ་སོགས་སོ་སོར་ཡོད་པ་ནི་གང་ཞིག་གིས་སྔ་མོ་ནས་ཇུས་འགོད་བྱས་པ་དང་ཀུན་ནས་མཚུངས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1