གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༣ཉིན།

༄༅།།བཟའ་རིགས་འདི་དག་འཁྱག་སྒམ་ནང་འཇོག་རྒྱུ་མི་འདུག

       ཚ་ཁུལ་དུ་སྐྱེས་པའི་ཤིང་ཏོག་ཁག་གཅིག
       དཔེར་ན། ཤིང་ཏོག་པོ་ལོ་དང་། ཤིང་ཏོག་ངང་ལག ཤིང་ཏོག་ཨ་མྲ ཤིང་ཏོག་བསེ་ཡབ(木瓜)སོགས་ཉི་མ་མི་ཕོག་པའི་ས་དང་གྲིབ་ནག་ཏུ་བཞག་ནས་སྨིན་རྗེས་བཟས་ན་འགྲིག་གི་ཡོད།
       ཅོག་ལེ་ཊི།
       ཅོག་ལེ་ཊི་ཉིན་གཅིག་གཉིས་འཁྱག་སྒམ་དུ་བཞག་ན་འགྲིག་ཀྱང་ཡུན་རིང་དྲགས་ན་བྲོ་བ་འགྱུར་འགྲོ་གི་ཡོད།
       ཤིང་ཏོག་ཁག་གཅིག་སྨིན་རྗེས་གཞི་ནས་འཁྱག་སྒམ་དུ་འཇོག་དགོས།
       ཤིང་ཏོག་ཁག་གཅིག་མ་སྨིན་གོང་འཁྱག་སྒམ་དུ་བླུགས་ཚེ་དེ་བས་སྨིན་ཁག་ཏུ་འགྲོ་གི་ཡོད། དཔེར་ན། ཀུ་ཤུ་དང་། ལི། ཁམ་བུ་སོགས་སྨིན་རྗེས་འཁྱག་སྒམ་དུ་བླུག་ཆོག
       སྒོ་ང་།
       སྒོ་ང་སོས་པ་གཟའ་འཁོར་གཉིས་ནང་བཟས་མ་ཚར་ཚེ། ངེས་པར་དུ་འཁྱག་སྒམ་དུ་བླུགས་ཏེ་ཉར་དགོས།
       མོག་མོག་སོགས་ཕིང་རྩམ(淀粉)ལྡན་པའི་ཟས་རིགས་དང་ཇ་ལོ།
       བཟའ་རིགས་འདི་དག་ཁག་བགོས་ནས་འཁྱག་སྒམ་དུ་བཞག་ཚེ། ཧམ་སྤུ་རྒྱག་རྒྱུ་སྔོན་འགོག་བྱེད་ཐུབ་ལ་བྲོ་བའང་འགྱུར་མི་སྲིད།
       ཤ་རིགས།
       ཕག་ཤ་དང་། ལུག་ཤ ཚགས་ཤ་བཅས་འཁྱག་སྒམ་དུ་ཉིན་3ནས་5བར་ལས་བརྒལ་མི་རུང་བ་དང་། མཚོ་ཟས་དང་བྱ་ཤ་སོགས་ཉིན་1ནས་2བར་ལས་འཇོག་མི་རུང་། གལ་སྲིད་ཡུན་རིང་པོ་འཇོག་དགོས་ཚེ་འཁྱག་པ་གཏོང་སར་འཇོག་དགོས།
       ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ལ། གལ་སྲིད་ཤ་བཙོས་མ་ཡིན་ཚེ་དུས་ཚོད་གང་ཙམ་སོང་རྗེས་འགྱིག་ཤོག་གིས་བཏུམས་ནས་འཁྱག་སྒམ་དུ་བླུགས་དགོས།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1