དཀར་མཛེས་རྫོང་གིས་ནུས་ཤུགས་ཡོད་རྒུས་ཉེ་འཁོར་དུ་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-03



སྤྱི་ཟླ11པའི་ཚེས29ཉིན། གསར་འགོད་པས་ཁུལ་ཤེས་ཡོན་ཅན་བརྗེ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ནས་ཤེས་རྟོགས་བྱུང་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏང་ཆེད་ལས་ཞུགས་ཏན་པོ་ཡོང་བའི་ལས་ཀ་དམ་འཛིན་བྱས་པ་དང་། ཡིག་ཚགས་བྱང་བུ་བཟོས་པའི་ངལ་རྩོལ་མི་ལག་དབུལ་ཕོངས་དང་མཐོ་རིམ་སློབ་གྲྭའི་མཐའ་ཕྱིན་སློབ་མ། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་སོགས་ལས་ཀར་ཞུགས་གང་ཐུབ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། དཀར་མཛེས་རྫོང་གིས་ངལ་རྩོལ་མི་ལག་སྤོ་བསྒྱུར་དང་ཕྱིར་གཏོང་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་པ་དང་ཆབས་ཅིག ཐོན་ལས་ཀྱིས་ལས་ཞུགས་སྐུལ་ཁྲིད་བྱ་རྒྱུ་དང་། ལས་ཞུགས་ཀྱིས་དབུལ་སྐྱོར་ལ་འདེགས་སྐྱོར་བྱས་པ། ལག་རྩལ་འཇོན་ནུས་གསོ་སྦྱོང་བྱས་ཏེ་ལས་ཞུགས་ལ་སྐུལ་འདེད་བཏང་ནས། ལས་ཞུགས་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་ཡུལ་དེ་གའི་ལས་གནས་ཇེ་མང་བཏང་བའི་དུས་མཚུངས་སུ། ངལ་རྩོལ་པའི་ལས་ཞུགས་འཇོན་ནུས་ཇེ་དྲག་ཏུ་བཏང་ནས་མང་ཚོགས་ཀྱིས་རང་ཉིད་ཀྱི་སྒོ་ཁར་ལས་ཞུགས་ཐུབ་པར་རོགས་རམ་བྱས་པ་རེད།

ཡུལ་དེ་གའི་ཐོན་ལས་རྒྱལ་སྐྱེད་བཏང་ནས་ལས་གནས་ཇེ་མང་དུ་ཕྱིན་པར་རྒྱབ་སྐྱོར་བྱ་ཆེད། དཀར་མཛེས་རྫོང་གིས་ནང་རྐྱེན་དང་ལས་སྟེགས་འཛུགས་པ་དང་། ཕུལ་བྱུང་གི་ཞབས་ཞུ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ལས་ཞུགས་དབུལ་སྐྱོར་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྫོང་ཁོངས་སུ་ལས་ཞུགས་དཔེ་སྟོན་གྱི་ནུས་པ་ཐོན་པའི་དབུལ་སྐྱོར་ལས་རིགས་སྔོག་འདོན་བྱས་ཏེ་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། རྫོང་ཁོངས་ཀྱི་ཕུལ་བྱུང་ཁེ་ལས་ལ་ལས་ཞུགས་དབུལ་སྐྱོར་རྟེན་གཞིའི་ཡིག་ཐོག་སྙན་ཞུ་འབུལ་རྒྱུ་སྐུལ་སློང་བྱས་ཏེ། ངལ་རྩོལ་མི་ལག་དབུལ་ཕོངས་དེ་བས་མང་པོ་ཉེ་འཁོར་དུ་ལས་ཞུགས་བྱེད་ས་འཛུགས་སྐྱོང་བྱས་པ་རེད། མིག་སྔར་རྫོང་དེའི་མཁར་ནང་དང་ཐང་ཁ་ཡུལ་ཤོག་སོགས་ལས་ཞུགས་དབུལ་སྐྱོར་གྱི་རྟེན་གཞི6ལ་གཞི་ཁྱོན་ཐོག་མ་གྲུབ་པས། དབུལ་ཕོངས་ངལ་རྩོལ་མི་ལག་ཁྱོན་བསྡོམས82ཡུལ་དེར་ལས་ཞུགས་བྱེད་ཐུབ་པ་རེད།

ཚོང་ར་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་དམིགས་ནས། དཀར་མཛེས་རྫོང་གིས་གསོ་སྦྱོང་ལེགས་འགྱུར་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་ཀ་གཉིས་ཟུང་འབྲེལ་དམ་ཟབ་དང་ཐབས་མང་མཉམ་འདོན་བྱས་ཏེ་ངལ་རྩོལ་མི་ལག་དབུལ་ཕོངས་དང་རྒྱ་ཆེ་བའི་ངལ་རྩོལ་མི་སྣ་ལས་ཞུགས་ཐུབ་པར་ཁག་ཐེག་བྱས་པ་རེད། ད་ལོར་མི་གྲངས1825ལ་རིགས་སྣ་ཚོགས་ཀྱི་ལག་རྩལ་འཇོན་ནུས་གསོ་སྦྱོང་ཐེངས45བྱས་པ་རེད། ཕྱི་ཕྱོགས་སུ་གླ་རྒྱག་སར་འགྲོ་འདོད་མེད་མཁན་དང་ཡུལ་དེ་གར་ལས་ཞུགས་བྱེད་བསམ་མཁན་གྱི་ངལ་རྩོལ་མི་ལག་ལ་དམིགས་ནས། ལས་ཀའི་བསམ་ཕྱོགས་གསར་གཏོད་བྱ་རྒྱུ་དང་ཚེམ་བཟོའི་གསོ་སྦྱོང་ལས་ཞུགས་རྟེན་གཞི་འཛུགས་གཉེར་བྱས་པར་བརྒྱུད། དང་པོར་གསོ་སྦྱོང་དང་རྗེས་སུ་ལས་ཞུགས་ཐུབ་པའི་བྱེད་སྟངས་སྤྱད་པ་རེད། མིག་སྔར་ངལ་རྩོལ་མི་ལག་དབུལ་ཕོངས20རྟེན་གཞིར་གསོ་སྦྱོང་བྱས་རྗེས་ཚན་པ་དང་པོའི་ཚེམ་བཟོ་ཚོང་ཟོག་མངག་ཐོ་ཐོན་སྐྱེད་བྱེད་མགོ་བཙུགས་ནས་རང་ཉིད་ཀྱི་སྒོ་ཁར་ལས་ཞུགས་བྱེད་ཐུབ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1