ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རིག་པའི་རུ་ཁག་ཅིག་གིས་སྐར་མ་མིག་དམར་ཐོག་ཚེ་སྲོག་ཡོད་པའི་བདེན་དཔང་གསར་པ་ཞིག་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-16


སྐར་མ་མིག་དམར་གྱི་འདྲ་པར།

             སྤྱི་ཟླ་12པའི་ཚེས་14ཉིན། གནས་ཚུལ་ལྟར་ན། སྐར་མ་མིག་དམར་དང་སྐར་མ་མིག་དམར་གྱི་ཐོག་ཚེ་སྲོག་ཡོད་པའི་སྐོར་གྱི་གཏམ་རྒྱུད་སྣ་ཚོགས་ཤིག་བརྩམས་ཆོས་མང་པོའི་ནང་མཐོང་གིན་ཡོད་མོད། འོན་ཀྱང་། དོན་དངོས་སུ་ང་ཚོས་སྐར་མ་མིག་དམར་གྱི་ཕྱི་ངོས་སུ་ཚེ་སྲོག་གི་རྗེས་ཤུལ་འཚོལ་བཞིན་ཡོད། ཨ་རིས་མ་དངུལ་སྒོར་དུང་ཕྱུར་25བཏང་ནས་བཟོས་པའི་ཡ་མཚར་རྟགས་ཅན་གྱི་སྐར་མ་མིག་དམར་གྱི་འཚོལ་ཞིབ་འཕྲུལ་ཆས་ཀྱི་ལས་འགན་གཙོ་བོ་ནི། སྐར་མ་མིག་དམར་གྱི་ཐོག་ཚེ་སྲོག་ཡོད་མེད་འཚོལ་ཞིབ་བྱ་རྒྱུ་དེ་རེད།

             དེ་ཡང་ཉེ་ཆར། ཀྲུང་གོའི་ཚན་རིག་གླིང་གི་ས་རྒྱུས་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིན་དབྱང་ཐིང་ཚན་རིག་ཞིབ་འཇུག་གི་རུ་ཁག་ཞིག་ཏུ་ཞུགས་ཤིང་། ཁོ་ཚོས་སྐར་མ་མིག་དམར་ཐོག་སྔོན་ཆད་ཚེ་སྲོག་ཡོད་མེད་ཀྱི་ཐད་དུ་ལྟ་ཚུལ་གསར་པ་ཞིག་བཏོན་པ་དེས། སྐར་མ་མིག་དམར་གྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་དགའ་བའི་མི་མང་པོ་ཧ་ལས་སུ་བཅུག་པ་སྟེ། རྒྱལ་སྤྱིའི་རིག་གཞུང་དུས་དེབ་《སྐར་རྡོ་རིག་པ་དང་རྒྱུ་སྐར་གྱི་ཚན་རིག》ཞེས་པའི་ཐོག་ཁོང་ཚོའི་ཞིབ་འཇུག་གི་གྲུབ་འབྲས་སྤེལ་ཞིང་། ཁ་བྱང་ལ་སྐར་མ་མིག་དམར་གྱི་སྐར་རྡོ་ཞིག་གི་མ་དཔེའི་ཐོག་ནས་སྐར་མ་མིག་དམར་ཐོག་སྔོན་ཆད་ཚེ་སྲོག་ཡོད་པའི་བདེན་དཔང་རྙེད་ཟེར་གྱི་ཡོད།

               ལོ་ངོ་ཁྲི་70ཡི་སྔོན་དུ། བྲག་རྡོ་ཞིག་སྐར་མ་མིག་དམར་གྱི་ཕྱི་ངོས་དང་ཁ་བྲལ་ནས་མཁའ་དབྱིངས་ཀྱི་རྒྱུ་སྐར་ཚོགས་དང་འདྲེས་ཤིང་། ལོ་ངོ་ཁྲི་70ཡི་རྗེས་སུ། བྲག་རྡོ་དེ་སའི་གོ་ལའི་ཧྥེ་གླིང་གི་བྱེ་ཐང་ཐོག་ལྷུང་ཞིང་། མི་རྣམས་ཀྱིས་དེ་མཐོང་རྗེས་མིང་ལ་སྐར་རྡོ་ཞེས་བཏགས་ཏེ། ཚན་རིག་ཚོད་ལྟ་ཁང་དུ་བསྐྱེལ། ཚན་རིག་པ་ཚོས་སྐར་རྡོ་དེའི་ཐོག་ནས། སྐྲའི་ཉག་མ་ལས་ལྡབ་བཅུ་ལས་ཕྲ་ཞིང་གྲུབ་ཆ་རྡོ་སོལ་གྱི་ཐན་གཞི་རྒྱུ་དང་འདྲ་བ་ཞིག་ཡོད་པ་གསར་དུ་རྙེད། དེའི་ཐོག་ནས་སྐར་མ་མིག་དམར་ཐོག་སྔོན་ཆད་ཚེ་སྲོག་ཡོད་པའི་སྡོམ་ཚིག་ཅིག་ཐོབ་པ་དེས་ཚན་རིག་པའི་སྡེ་དང་གནམ་དཔྱད་རིག་པའི་སྡེ་ཀུན་ཧ་ལས་སུ་བཅུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1