ཨ་རིའི་ཨ་ལེ་ཞི་པའོ་རྒྱང་ཤེལ་བརྡིབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-04



        ས་གནས་དེ་གའི་དུས་ཚོད་ཚེས1ཉིན། ཨ་མེ་རི་ཁའི་མཚོ་ཕྱིའི་མངའ་ཁོངས་ཨ་ལེ་ཞི་པའོ་རྒྱང་ཤེལ་བརྡིབས་པ་རེད།

        ཟླ11ཚེས19ཉིན། ཨ་རིའི་རྒྱལ་ཁབ་ཚན་རིག་ཐེབས་རྩ་ཚོགས་པས་ཨ་ལེ་ཞི་པའོ་རྒྱང་ཤེལ་ཕྱིར་འཐེན་བྱ་རྒྱུ་དང་འབྲེལ་ཚོད་འཛིན་ཐུབ་པའི་སྒོ་ནས་བཤིག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། འོན་ཀྱང་མ་བཤིག་པའི་སྔོན་ལ་རྒྱང་ཤེལ་གྱི་སྒྲོམ་གཞི་བརྡིབས་པ་རེད། 
        ཐེབས་རྩ་ལྷན་ཚོགས་དེས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས1ཉིན་གྱི་སྔ་དྲོ། ཨ་ལེ་ཞི་པའོ་རྒྱང་ཤེལ་གྱི་སྒྲིག་ཆས་སྟེགས་བུ་རྡིབ་ནས་གནམ་སྐུད་དང་མཐའ་འཁོར་གྱི་སྒྲིག་ཆས་ལ་ཆག་སྐྱོན་བྱུང་ནའང་། སྟབས་ལེགས་པ་ཞིག་ལ་མི་ཤི་རྨས་བྱུང་མེད། རྒྱང་ཤེལ་གྱི་འདེགས་སྐྱོར3ཆག་ཡོད། ལྗིད་ཚད་ཏུན900ཟིན་པའི་སྒྲིག་ཆས་ཀྱི་ལས་སྟེགས་རྡིབ་སྐབས་རྒྱང་ཤེལ་གྱི་འདེགས་སྐྱོར་ཀྱང་ཆག་པ་རེད། 
        ཨ་ལེ་ཞི་པའོ་རྒྱང་ཤེལ་ནི1963ལོར་བསྐྲུན་པ་རེད། ཁ་ཞེང་ལ་སྨི305ཡོད། ཁ་ཞེང་ལ་སྨི་500ཡོད་པའི“ཀྲུང་གོའི་གནམ་མིག”ཟླུམ་ངོས་གློག་རླབས་རྒྱང་ཤེལ(FAST)2016ལོའི་ཟླ9པར་མ་བསྐྲུན་གོང་། ཨ་ལེ་ཞི་པའོ་རྒྱང་ཤེལ་ནི་འཛམ་གླིང་གི་ཆེས་ཆེ་བའི་ཁ་ཞེང་རྐྱང་པའི་གློག་རླབས་རྒྱང་ཤེལ་རེད། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1