མཛོད་དགེ་རྫོང་གིས་གྲོང་གསེབ་དར་རྒྱས་ལ་ཤུགས་བསྣན།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-04




     ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོས་ཐོན་ལས་དར་རྒྱས་དང་ཡུལ་སྲོལ་གོམས་གཤིས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་སོགས་སྤྱིའི་བླང་བྱ་གཞིར་བཟུང་ནས། གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་བཏང་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་བཏང་ནས་གྲོང་གསེབ་ཁོར་ཡུག་གི་རྣམ་པ་ཇེ་ལེགས་སུ་བསྒྱུར།
     ཉེ་ཆར། གསར་འགོད་པ་འབྲིང་བ་ཡུལ་ཚོ་བེའུ་སྒང་གྲོང་སྡེར་སོང་སྐབས། མིག་ལམ་དུ་གཙང་ཞིང་གྲལ་དག་པའི་སྡེ་ལམ་དང་། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་མིག་ལམ་དུ་ཤར། གྲོང་སྡེ་ཡོངས་སུ་ལྷིང་འཇགས་དང་མཛེས་པའི་རྣམ་པས་ཁེངས།

     ས་གནས་མང་ཚོགས་ཀྱིས་ངོ་སྤྲད་པ་ལྟར་ན། སྔོན་ཆད་སྡེ་བའི་གཞུང་ལམ་ནི་འབར་འབུར་ཡིན་ལ། འཚོ་བའི་གད་སྙིགས་གང་བྱུང་དུ་སྤུངས་ཡོད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། གྲོང་སྡེ་སོ་སོའི་འཚོ་བའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་སོང་ཡོད་པ་དང་། ཡུས་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་དྲིལ་སྒྲོག་གི་ནུས་པ་གནད་ལ་འཁེལ་བས། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་བཟང་དུ་སོང་ཡོད།
     ད་ལོ་ནས་བཟུང་། འབྲིང་བ་ཡུལ་ཚོས་ས་གནས་ཀྱི་ལེགས་ཆ་ལ་གཞི་ཚུགས་ཤིང་། ས་གནས་ཀྱི་སྐྱེ་ཁམས་ལེགས་ཆ་དང་སྲོལ་རྒྱུན་གྱི་དམངས་སྲོལ་ཐོན་ཁུངས་ཀྱི་ནུས་པ་གང་ལེགས་བཏོན་ནས། འབྲེལ་ཡོད་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་བཏང་།
     རྒྱུས་ལོན་པ་ལྟར་ན། འབྲིང་བ་ཡུལ་ཚོས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སྒྱུར་དང་གྲོང་སྡེའི་རྣམ་པ་ལེགས་སྒྱུར་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་350.207བཏང་ཞིང་། རྣམ་གྲངས་སུ་འབྲིང་བ་ཡུལ་ཚོའི་འགྲོ་ལམ་དང་ཆུ་འབུད་སྒྲིག་ཆས། ལམ་སྒྲོན་སྒྲིག་སྦྱོར། རིག་གནས་དྲིལ་སྒྲོག་གྱང་ངོས། རིག་གནས་ཐང་ཆེན་སོགས་ཚུད་ཡོད།

     གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལག་བསྟར་བྱས་པ་དང་བསྟུན། ཐོན་ལས་དར་ཞིང་ཁོར་ཡུག་མཛེས་ལ། མང་ཚོགས་ལ་བདེ་སྐྱིད་ཀྱིས་ཁེངས་འདུག འབྲིང་བ་ཡུལ་ཚོ་འབྱོར་ཕྱུག་གི་ལམ་བུར་བསྐྱོད་དང་སྐྱོད་བཞིན་ཡོད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1