གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༤ཉིན།

ལྕི་བའི་ཐོན་ཁུངས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་གསར་པ་གཏོད།


     ཟླ་12ཚེས་1ཉིན། དགུན་དུས་ཀྱི་ཉི་འོད་དྲོན་མོ་བསུ་བཞིན། འབྲོག་མི་རྣམས་བསྟུད་མར་ནའོ་ཆིན་འབྲོག་རའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིར་ཡོང་ཞིང་། ཁོང་ཚོའི་གདོང་ལ་སྤྲོ་བའི་འཛུམ་མདངས་ཁེངས་ནས། མགྱོགས་པོར་འཚོག་རྒྱུ་ཡིན་པའི་ཁེ་འབབ་བགོ་བཤའ་སྟེ་མ་བཅོས་རྒྱུ་ཆའི་དངུལ་རྩིས་རྒྱག་ཚོགས་ཆེན་སྒུག་ནས་འདུག

   ནའོ་ཆིན་འབྲོག་རའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་མདོ་གོང་མ་ཤང་དུ་ཡོད་ཅིང་། དེ་བཙུགས་པ་ནས་བཟུང་དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་དབུལ་སྐྱོར་བྱེད་ཐབས་གསར་པ་འཚོལ་ཞིབ་དང་སྐུལ་འདེད་གང་ཐུབ་བྱེད་པ་སྟེ། “སྲིད་གཞུང་གིས་སྣེ་ཁྲིད་དང་། ཁེ་ལས་ཀྱིས་སྐུལ་འདེད། མང་ཚོགས་ནང་ཞུགས”བཅས་ཀྱི་འཕེལ་རྒྱས་བསམ་བློ་ལ་གཞིགས་ནས། “མཉམ་ལས་ཁང་+གྲོང་སྡེ་གཅིག་འདུས+འབྲོག་ཁྱིམ”གྱི་གཉེར་སྐྱོང་རྣམ་པ་ལག་བསྟར་བྱས་ནས། ཡུལ་དེའི་ལྕི་བའི་ཐོན་ཁུངས་དེ་གཙོ་བོའི་རྒྱུ་ཆར་བྱས་པ་དང་འབྲེལ་དེ་དག་སྐྱེ་ལྡན་ལུད་རྫས་ལ་བསྒྱུར་ནས། ལྕི་བའི་ཐོན་ཁུངས་རྒྱུན་འཁོར་བེད་སྤྱོད་བྱེད་པ་རེད།


   ད་ཆར། གྲོང་མི་ཚོས་སྒྱེ་ཁུག་རེ་རེ་བཞིན་ཁང་པའི་མདུན་རྒྱབ་དང་རྩྭ་ཐང་རི་ཁུག་ཏུ་བསགས་པའི་ལྕི་བ་ཀུང་སིའི་ཉོ་སྡུད་ས་ཚིགས་སུ་འདྲེན་འཚོང་བྱེད་ཀྱི་ཡོད་པས། དེ་སྔོན་དོ་སྣང་མི་བྱེད་པའི་ལྕི་བ་དེ་ད་ལྟར་འབྲོག་མི་རྣམས་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་“ལམ་གསར་པ་”གཏོད་པར་སྤྱོད་རྒྱུའི་སྒོར་མོར་གྱུར་པ་རེད།

   ད་ཐེངས་ཀྱི་ཁེ་འབབ་བགོ་བཤའ་རྒྱག་པ་དང་མ་བཅོས་རྒྱུ་ཆའི་མ་དངུལ་རྩིས་རྒྱག་པའི་ཚོགས་ཆེན་གྱིས་གྲོང་མི་རྣམས་དེའི་ནང་ཞུགས་པའི་ཧུར་སེམས་སྔར་བས་སྐུལ་སློང་ཐུབ་པའི་རེ་བ་ཡོད། ང་ཚོས་རྨང་གཞིའི་ནུས་པ་འཐུས་ཚང་དུ་གཏོང་བ་དང་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་སྟེ་མདོ་གོང་མ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་ཏན་ཏིག་བྱ་རྒྱུ་ཡིན”ཞེས་ནའོ་ཆིན་འབྲོག་རའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲུང་ཝུའེ་ཡིས་བཤད། 2021ལོ་ནས་བཟུང་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། གྲུ་བཞི་མ་རེར་སྒོར་མོ་75ཡི་རིན་གོང་ཐོག་ནས་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་བྱས་པ་དང་འབྲེལ་ཕྱིར་ཚོང་ཐབས་ལམ་མུ་མཐུད་རྒྱ་ཆེ་རུ་བཏང་ནས། ཁེ་ལས་ཀྱི་ཐོན་རྫས་རིན་ཐང་མང་དུ་གཏོང་བ་དང་འབྲོག་པ་མང་ཚོགས་དེ་བས་མང་བར་ཕན་ཐོགས་ཡོང་བ་བྱ་རྒྱུ་རེད།(http://tibet.people.com.cn/15831626.html)


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1