རྔ་བ་རྫོང་ཧོ་ཚུགས་ཡུལ་ཤོག་ཏུ་སློབ་གསོའི་རོགས་དངུལ་བྱ་དགའི་ཐེབས་རྩ་བཙུགས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-16


རྔ་བ་རྫོང་ཧོ་ཚུགས་ཡུལ་ཤོག་གི་ལྟེ་བའི་སློབ་ཆུང་།

              ཉེ་ཆར། རྔ་བ་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་ཤེས་གསལ་ལྟར་ན། རྔ་བ་རྫོང་ཧོ་ཚུགས་ཡུལ་ཤོག་ཏུ་སློབ་གསོའི་རོགས་དངུལ་བྱ་དགའི་ཐེབས་རྩ་བཙུགས་ཤིང་། རྔ་བ་རྫོང་ཧོ་ཚུགས་ཡུལ་ཤོག་ནས་ཡིན་པའི་སློབ་མ་ཚེ་རིང་སྐྱིད་ལ་ཡུལ་ཤོག་འདིའི་སློབ་གསོའི་རོགས་དངུལ་བྱ་དགའི་ཐེབས་རྩས་བྱིན་པའི་རོགས་དངུལ་བྱ་དགའ་ཐོབ་རྗེས། ཡིད་སེམས་དགའ་སྤྲོས་ཁེངས་བཞིན། ངས་མུ་མཐུད་ནས་སློབ་སྦྱོང་བཟང་པོ་བྱས་ཏེ། ཕྱིར་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་དང་། རང་ཉིད་ལ་སེམས་ཁུར་བྱས་མྱོང་བའི་དྲིན་ཅན་དག་གི་དྲིན་ལན་མཇལ་དགོས་ཞེས་ཟེར།

               ཧོ་ཚུགས་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་ཕེ་ལེན་ཡུན་གྱིས། སློབ་གསོའི་རོགས་དངུལ་བྱ་དགའི་ཐེབས་རྩ་འདི་འཛུགས་དོན་ནི། ཁྱིམ་ཚང་དཀའ་ཁག་ཅན་གྱི་སློབ་མ་ཚོ་མུ་མཐུད་ནས་སློབ་གྲྭར་འགྲོ་ཐུབ་པའི་ཆེད་དུ་ཡིན་ལ། ཁྱིམ་བདག་གིས་སློབ་མ་སློབ་གྲྭར་སྐྱེལ་བར་སྐུལ་མ་བྱེད་པའི་ཆེད་དུའང་ཡིན། འདི་ལྟར་སྤྱི་ཚོགས་ཧྲིལ་བོར་སློབ་གསོའི་ཁ་དབུགས་ཡག་པོ་ཞིག་ཆགས་ཐུབ་པ་བྱུང་ན་ལེགས་ཤོས་རེད་ཅེས་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1