བྱམས་པའི་གཉེན་སྟོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-07



ཁྱུང་མཆུ་རྫོང་ཨ་མོ་ཁོག་ཤང་མཁལ་ཁུག་གྲོང་ཚོར་གཉེན་ཉེ་གྲོགས་པོ་དང་གྲོང་མི་ཚོས་མག་པ་དང་བག་མར་ཁ་བཏགས་འབུལ་ནས་སྨོན་འདུན་ཞུས་པ།
     རྔ་བ་ཉིན་རེའི་ཚགས་པར་ནས་གནས་ཚུལ་འབྱོར་གསལ། ཟླ་11ཚེས་20ཉིན་ནི་སི་ཁྲོན་ཞིང་ཆེན་ཁྱུང་མཆུ་རྫོང་གི་ལོ་23ལ་སླེབས་པའི་འབྲོག་པ་བྱམས་པས་གཉེན་སྒྲིག་གི་ཉིན་མོ་ཡིན། ཁོང་གིས་སྤྱི་ལེ་50ཡི་སར་ཡོད་པའི་ཁྱུང་མཆུ་རྫོང་རྨེ་བ་ཤང་རྨེ་བ་གྲོང་ཚོ་གཉིས་པའི་བག་མ་བྱང་ཆུབ་མཚོ་ཨ་མོ་ཁོག་ཤང་མཁལ་ཁུག་གྲོང་ཚོའི་ཁྱིམ་དུ་བསུས་པ་རེད། གཉེན་ཉེ་གྲོགས་པོ་རྣམས་དང་གྲོང་ཚོ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མ་དེར་ཡོང་ནས་སྨོན་འདུན་ཞུས་པ་རེད།
     བྱམས་པ་ནི་གསར་འགོད་པས་རྒྱུན་མཐུད་ངང་རྗེས་འདེད་ཟིན་འགོད་བྱེད་པའི་འབྲོག་པ་དཀྱུས་མ་ཞིག་རེད། དབྱར་ཁར་ཐག་རིང་དབྱར་ས་ནས་ནོར་གནག་འཚོ་བ་དང་དགུན་ཁར་རུ་སྤོས་ཏེ་ཨ་མོ་ཁོག་ཤང་མཁལ་ཁུག་གྲོང་ཚོའི་འབྲོག་པ་གཞིས་ཆགས་སར་ལོག་ཡོང་གི་ཡོད། ད་ལྟ་ནི་ས་གནས་དེ་གའི་འབྲོག་པའི་ལོ་གཅིག་ནང་གི་ཆེས་བག་ཕེབས་ཀྱི་དུས་སྐབས་ཤིག་རེད། བྱམས་པ་དང་ངོ་ཤེས་ནས་ལོ་མང་སོང་བའི་བྱང་ཆུབ་མཚོས་ཨ་མདོའི་བོད་རིགས་ཀྱི་སྲོལ་རྒྱུན་གཉེན་སྒྲིག་བྱས་པ་རེད། རླངས་འཁོར་གྱིས་རྟའི་ཚབ་བྱས་ནས་གཉེན་སྐྱེལ་བ་དང་། ས་ཕག་དང་ཤིང་ལས་གྲུབ་པའི་ཁང་པ་དྲོན་པོས་གྲང་ངར་ཆེ་བའི་སྦྲ་གུར་གྱི་ཚབ་བྱས། སྟབས་བདེ་དང་གྲོན་ཆུང་གི་མཛད་སྒོ་དེས་རྙོག་རྫོབ་དང་རྒྱས་སྤྲོས་ཀྱི་རྟེན་འབྲེལ་མཛད་སྒོའི་ཚབ་བྱས……དེ་རྗེས་ཁྱིམ་ཚང་གཉིས་ཀས་མག་པ་དང་བག་མ་ལ་ཟོག་སྐལ་བགོ་རྒྱུ་ཡིན། ཁོ་ཚོར་རང་ཉིད་ཀྱི་འབྲོག་ར་ཡོད་སྲིད་ལ་འཚོ་བ་གསར་པ་རོལ་འགོ་བརྩམས་སོང་།

ཁྱུང་མཆུ་རྫོང་ཨ་མོ་ཁོག་ཤང་མཁལ་ཁུག་གྲོང་ཚོར་མག་པ་དང་བག་མར་ཁ་བཏགས་འབུལ་མཁན་ཚོ་གྲལ་རིང་པོ་བསྒྲིགས་ཡོད།

ཨ་ཞང་དང་ཕུ་བོ་སོགས་གཉེན་ཉེ་ཚོས་བག་མ་བྱང་ཆུབ་མཚོ་མག་པ་བྱམས་པ་ཚང་ལ་བསྐྱལ་ཡོང་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1