ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱལ་ཕྱིའི་སློབ་གཉེར་ལས་དོན་ཚོགས་འདུའི་ཐོག་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-16


ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ།

སྤྱི་ཟླ་12པའི་ཚེས་13ཉིན། རྒྱལ་ཡོངས་ཀྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དུས་བབ་གསར་པའི་འོག་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་ཞིང་། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཀྲུང་གོའི་སློབ་ཕྲུག་ཚོར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། ཀྲུང་གོར་ཡོད་པའི་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཞུས།

            ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་དེ་སྔར་ནས་བཟུང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ལ་ཏང་དང་རྒྱལ་ཁབ་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་ལག་ལེན་བསྟར་བས། རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་ཐད་མི་རྣམས་ཀྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་མ་ཐེབས་པ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་བྱ་གཞག་གིས་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འདི་གར་ངས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ལས་དོན་གྱི་འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་བློ་མཐུན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1