ཆུ་ཆེན་རྫོང་གིས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བརྩོན་བཞིན་ཡོད།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-09



     ད་ལོར་རིམས་ནད་ཀྱི་རྐྱེན་གྱིས། མང་ཚོགས་གཞན་ཡུལ་དུ་ཞོར་ལས་སུ་འགྲོ་མ་ཐུབ་པའི་གནད་དོན་ལ་དམིགས་ཏེ། ཆུ་ཆེན་རྫོང་ཨན་ཉིང་གྲོང་རྡལ་ཐན་ཁྲང་ཀོའུ་གྲོང་སྡེས་གྲོང་སྡེ་རིམ་པའི་ངལ་ནུས་དབུལ་སྐྱོར་བྱེད་ཐབས་ལག་བསྟར་བྱས་ནས་མང་ཚོགས་ཀྱི་ལས་ཞུགས་ཀྱི་གནད་དོན་བསལ་བ་དང་། གྲོང་སྡེའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་བཏང་ནས་མང་ཚོགས་ཀྱིས་རང་ཡུལ་ནས་ཞོར་ལས་གཉེར་ཐུབ་པར་གྱུར།

     ཀྲི་པུའུ་ཡི་སྣེ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་བྱ་ཆེད། ཨན་ཉིང་གྲོང་རྡལ་ཐན་ཁྲང་ཀོའུ་གྲོང་སྡེས་གཞི་རིམ་ཏང་རྩ་འཛུགས་དང་མཉམ་ལས་ཁང་། དབུལ་ཁྱིམ་བཅས་སྦྲེལ་བའི་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཤིང་། གྲོང་སྡེའི་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་དོ་དམ་བྱས་པ་དང་། གྲོང་སྡེའི་ལས་བྱེད་པ་དང་མཉམ་ལས་ཁང་གི་ཁོངས་མིས་རྒྱུན་གཏན་གྱི་ལས་དོན་ལ་འགན་ཁུར་ལ། དབུལ་ཁྱིམ་དང་ལས་མི་བཀོལ་སྤྱོད་ཀྱི་གྲོས་མཐུན་བཞག་ནས། ངལ་རྩོལ་ནུས་ཤུགས་ཏེ་མཉམ་ལས་ཁང་གིས་གཅིག་གྱུར་དོ་དམ་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་ཞོར་ལས་རྙེད་དཀའ་བའི་གནད་དོན་བསལ།
     ཐན་ཁྲང་ཀོའུ་གྲོང་སྡེས་གཞུང་ལམ་རྒྱ་ཆེར་གཏོང་བ་དང་སྔོ་འགྱུར་རྣམ་གྲངས་བརྩོན་ལེན་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་དང་། མཉམ་ལས་ཁང་། དབུལ་ཁྱིམ་བཅས་སྦྲེལ་བའི་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་གཏོང་སྟངས་འདོན་སྤེལ་གང་ལེགས་བྱས། ཉེ་ཆར། ཨན་ཉིང་གྲོང་རྡལ་ཐན་ཁྲང་ཀོའུ་གྲོང་སྡེས་2019ལོ་ནས་2020ལོ་བར་གྲོང་སྡེའི་གཞུང་ལམ་རྒྱ་ཆེར་གཏོང་བ་དང་། དེ་མིན་གཞུང་ལམ་ལམ་རྒྱུད་ཀྱི་སྔོ་འགྱུར་རྣམ་གྲངས་ཀྱི་ལས་བྱེད་པ་རྣམས་ལ་གླ་ཆ་སྒོར་ཁྲི་80ལྷག་སྤྲད་ནས། གྲོང་སྡེ་ཡོངས་ཀྱི་མང་ཚོགས་དང་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོའི་བརྩོན་སེམས་ཇེ་ཆེར་བཏང་།

     གཞན་ཡུལ་དུ་ཞོར་ལས་སུ་འགྲོ་མི་དགོས་པ་དང་། རང་ཡུལ་ནས་ཞོར་ལས་གཉེར་ནའང་ཡོང་འབབ་ཡོད་པར་མང་ཚོགས་ཀྱིས་གདེང་འཇོག་ཆེན་པོ་ཐོབ་བཞིན་ཡོད། དབུལ་སྐྱོར་བྱེད་ཐབས་འདི་ལག་བསྟར་བྱས་པ་བརྒྱུད། སྔར་ཡོད་ཀྱི་གནས་སྐབས་ལས་གནས་ཏེ་གཏན་འཇགས་སུ་བསྒྱུར་བ་དང་། ནུས་ལྡན་གྱིས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གྲོང་རྡལ་ཡོངས་ཀྱི་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་མང་བོ་འཕར་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1