ཨུ་རུ་སུ་ཡིས་ད་ལོར་བསྡོམས་པས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞེ་གཅིག་ཕམ་ཉེས་སུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-10


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སུའི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    ཨུ་རུ་སུའི་ཁྲིམས་འཛིན་མི་སྣས་ད་ལོར་བསྡོམས་པས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞེ་གཅིག་ཕམ་ཉེས་སུ་བཏང་ཟེར།
        ཨུ་རུ་སུའི་སྨྱན་བྱད་ཀྱིས་ཉིན་དེར་གསལ་བསྒྲགས་དེ་དྲངས་ནས་བསྒྲགས་པ་ལྟར་ན།  ཨུ་རུ་སུ་ཕྱོགས་ཀྱི་མི་སྣས་ཁྲིམས་འཛིན་གོ་རིམ་ཁྲོད་བསྡོམས་པས་འཇིགས་སྐུལ་ཉེས་ཅན་ཞེ་དགུ་བསད་པ་དང་།   དེའི་ནང་འགོ་བ་བརྒྱད་འདུས་ཡོད།  དེ་མིན་འགོ་བ་སོ་དྲུག་དང་འཇིགས་སྐུལ་ཉེས་ཅན་བརྒྱ་དང་རེ་གཉིས་འདུ་བའི་ཉེས་ཅན་ལྔ་བརྒྱ་དང་གོ་གཅིག་འཛིན་བཟུང་བྱས་ཡོད་ཟེར།
        གསལ་བསྒྲགས་ནང་བཤད་དོན། ཨུ་རུ་སུ་ཕྱོགས་ཀྱིས་བསྡོམས་པས་མེ་མདའ་དྲུག་བརྒྱ་དང་རང་བཟོས་འགད་རྫས་སྒྲིག་ཆས་བརྒྱ་དང་སོ་བཞི་རྩད་ཞིབ་བྱས་པ་མ་ཟད།  ཁྲིམས་འགལ་གྱི་མཚོན་ཆ་ཐོན་སྐྱེད་བསྒྱུར་བཀོད་འཁོར་ཁང་ལྔ་བཅུ་མེད་པར་བཟོས་ཟེར།
        གསལ་བསྒྲགས་ནང་བཤད་རྒྱུར།  ད་ལོའི་ཚུན་ལ།   ཨ་རུ་སུ་ཕྱོགས་ཀྱིས་རྒྱལ་སྤྱིའི་འཇིགས་སྐུལ་རྩ་འཛུགས་ཀྱི་བྱ་འགུལ་ནང་ཞུགས་མཁན་གྱི་གསང་བའི་རྩ་འཛུགས་ང་ལྔ་རྩད་ཆོད་པ་དང་།  ཐལ་སྤྱོད་རྩ་འཛུགས་དང་འཇིགས་སྐུལ་རིང་ལུགས་བྱ་འགུལ་ཁྲོད་ཞུགས་པའི་ཕྱི་རྒྱལ་གྱི་སྤྱི་དམངས་བརྒྱ་དང་ཞེ་དགུ་རང་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱས་ཟེར།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1