ཛམ་ཐང་རྫོང་གིས་ཨེ་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་རླུང་འཕྲིན་དྲ་བ། སྤེལ་དུས། 12-10


        ཟླ་12པའི་ཚེས1ཉིན་ནི་འཛམ་གླིང་གི་ཨེ་ཙི་འགོས་ནད་ཀྱི་ཉིན་མོ་ཐེངས་33པ་ཡིན་ཞིང་། ཉིན་དེར་རྔ་བ་ཁུལ་ཛམ་ཐང་རྫོང་གིས་སྲིད་གཞུང་ཐང་ཆེན་དུ་མི་ཚང་མས་ཨེ་ཙིའི་ནད་སྔོན་འགོག་དང་དེར་སྨན་བཅོས་བྱེད་ཐབས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་གཏོང་བར་དམིགས་ནས། འཛམ་གླིང་ཨེ་ཙིའི་ནད་ཀྱི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་བ་རེད།

        བྱེད་སྒོའི་ཡུལ་དངོས་སུ། ཛམ་ཐང་རྫོང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྨན་དོན་མི་སྣས་སྲང་ལམ་དུ་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་ཞོར་ངང་རྒྱུད་རིང་པོས་སྒོས་ཨེ་ཙི་ནད་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བྱས་ལ།  སྤྱི་ཚོགས་ཡོངས་ཨེ་ཙི་ནད་སྔོན་འགོག་དྲིལ་སྒྲོག་བྱ་འགུལ་ཁྲོད་ཞུགས་པར་སྐུལ་སློང་བྱས་ཐོག མི་སྔར་ལས་མང་བོ་ཞིག་གིས་ཨེ་ཙི་ནད་ལ་རྒྱུས་ལོན་དང་ཨེ་ཙི་ནད་ལ་ལྟ་སྟངས་ཡང་དག་བཟུང་སྟེ། ཨེ་ཙི་འགོས་ནད་མཆེད་པར་བཀག་འགོག་གང་ལེགས་བྱེད་དགོས་པར་འབོད་སྐུལ་བཏང་།
        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་ཁྱོན་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འགྲེམས་པང6དང་། འཆར་ལྡན་བུ་བཙའི་སྨན་ཆས་100ལྷག དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་རྫས་སོགས་800ལྷག་ཙམ་སྤྲད་པ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1