༄༅། །སྐྱི་སྔོན་བཟོ་ཐབས།

རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-16


  

            སྐྱི་སྔོན་ནི་ར་ལུག་གི་པགས་པ་སྲབ་མོ་ལ་སྔོ་མདངས་བཏང་བ་ལ་ཟེར། འདི་ནི་མང་ཆེ་བ་གསང་སྔགས་ཀྱིི་རྒྱན་དང་རོལ་མོ་ལས་རྔེའུ་ཆུང་དང་ཌ་མ་རུའི་གཡོག་ལ་བེད་སྤྱོད་བཞིན་ཡོད་པ་རེད། ས་ཆ་ལ་ལར་ཌ་མ་རུ་སོགས་རོལ་མོ་ཆུང་ངུའི་རིགས་ཐད་ཀར་གཡོག་ནས་དེའི་ཐོག་ཏུ་ཚོན་གཏོང་གི་ཡོད་མཁན་འདུག་ཀྱང་འདིས་ནི་རོལ་མོའི་སྒྲའི་དྭངས་ཆ་ལ་གནོད། སྐྱི་སྔོན་ཡིན་ན་རོལ་མོའི་སྒྲ་ལེགས་པ་དང་དྭངས་ཆ་ཡོད་པ་མ་ཟད་རླན་གྱིས་མི་གནོད་པ་སོགས་ཀྱི་དགེ་མཚན་ལྡན། སྐྱི་ལྤགས་ལ་སྔོ་མདངས་གཏང་ཐབས་ནི་དང་པོ་ར་ལུག་གི་པགས་པ་སྲབ་འཐུག་རན་པོ་ཞིག་ཆུ་གྲང་མོའི་ནང་ཞག་གཅིག་ལ་འཇོག་ཕྱིར་ཉིན་བསྒྱང་ཤིང་གི་ངོར་ཁོད་སྙོམ་པོར་འཐེན། དེ་ནས་རླན་ཆེ་སར་ས་དོང་བསྒྱང་ཤིང་དང་ཆེ་ཆུང་མཉམ་པ་གཏང་ཟབ་ལ་ཁྲུ་གང་ལྷག་ཡོད་པ་ཞིག་བསྐོས་ནས་བསྒྱང་ཤིང་དོང་གི་སྐེད་པ་ལས་མན་མི་ལྷུང་བ་བྱེད་དགོས། དེ་ནས་ཚྭ་ཆུས་རློན་པ་བྱས་ནས་ཐོག་གི་ཆུ་གཟར་བ་དང་དོང་ནང་དུ་བཞག་ནས་ཟངས་རག་གི་ཕྱེ་མ་སྐམ་པོ་ཁོད་མཉམ་པོ་གཏོར་ནས་རླུང་དང་ཉི་འོད་མི་ཕོག་པ་བྱས་ནས་གནོན། ཉིན་གཅིག་གཉིས་ཙམ་ནས་ཆོག་མིན་ལྟ། ཚོན་ཁྲ་རེད་ན་སླར་སྔོ་མདངས་མེད་སར་ཟངས་རག་གི་ཕྱེ་མ་གཏོར་ནས་ཆོག་མིན་བལྟས་ནས་ལེན་དགོས། དབྱར་ཁ་ལས་དགུན་ཁ་ལས་ཐབས་མེད། དབྱར་ཁའང་འཇོག་ཡུན་ཚོད་མ་ཟིན་ན་རུལ་འགྲོ་བས་གཟབ་དགོས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1