མཛོད་དགེ་རྫོང་གིས་ཐོན་ལས་སྤེལ་ནས་གྲོང་གསེབ་དར་རྒྱས་སུ་བཏང་།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-16



     ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ཡིན་ལ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་། ཞིང་ཕྱུགས་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་བཅས་མངོན་འགྱུར་ཡོང་བའི་རྨང་གཞི་ཡང་ཡིན། ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ཡུལ་བབ་དང་བསྟུན་པའི་རྩ་དོན་གཞིར་བཟུང་སྟེ། ཁྱད་ལྡན་ཅན་གྱི་ཁེ་ལས་ཆུང་གྲས་ཐོན་ལས་གླིང་བསྐྲུན་ནས་སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། རོང་ཁུལ་དང་ཁོངས་ཡོངས་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཞི་ཚུགས་ཤིང་། རྟེན་གཞིའི་རྣམ་པ་དང་། ལས་སྣོན་རྣམ་པ། མཉམ་ལས་རྣམ་པ། སྤུས་རྟགས་རྣམ་པའི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ནས་གྲོང་གསེབ་ཐོན་ལས་དར་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།




     ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་སྙན་ཞུ་ནང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ཤིང་། ཞིང་ལས་དང་། གྲོང་གསེབ། ཞིང་བ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་རྩ་བའི་རང་བཞིན་གྱི་གནད་དོན་ཡིན་པས། ངེས་པར་དུ་ཞིང་གསུམ་གྱི་གནད་དོན་ཐག་གཅོད་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་དགོས་པ་ལྟར། ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ། ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལྗང་མདོག་དང་། སྐྱེ་ཁམས། ལས་ཆོད་ཆེ་བའི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ལ། སྤུས་ལེགས་ཀྱི་ཀྲུང་ལུགས་སྨན་རྫས་དང་། ཤིང་འབྲས། སྔོ་ཚལ། དེང་རབས་ཕྱུགས་ལས་སོགས་ཀྱི་གཙོ་ཁྲིད་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ལ། ཀྲུང་ལུགས་སྨན་རྫས་དང་། པད་ཁ། གཟན་རྩྭ། ནས་བཅས་མུའུ་ཁྲི་ཡི་རྟེན་གཞི་4བསྐྲུན་པ་དང་། སྐྱེ་ལྡན་སྔོ་ཚལ། ཞོག་ཁོག་བཅས་མུའུ་སྟོང་གི་རྟེན་གཞི་3བསྐྲུན་ལ། དེ་མིན་འབྲི་ཏ་ས་འཛིན། ཞི་ལན་ཧྭ་བཅས་དཔེ་སྟོན་རྟེན་གཞི་གསར་བ་3བསྐྲུན། ཞིང་ཆེན་ཡོངས་ཀྱི་གཟན་རྩྭ་དང་། ནོར་གནག ལུག་བཅས་ཀྱིས་གཙོ་ཁྲིད་བྱེད་པའི་ཕྱུགས་ལས་གླིང་བཏོད་ཡོད་པ་དང་། ཐང་སྐོར་གཟན་རྩྭ་དང་ནོར་གནག་དེང་རབས་ཞིང་ལས་གླིང་སྦྲེལ་བའི་རྔ་བ་ཁུལ་གྱི་སྐར་མ་རིམ་པའི་གླིང་བཏོད་ལ། རོང་འབྲོག་སྣེ་འདྲེན་ཁེ་ལས་4དབུལ་སྐྱོར་ཐོན་ལས་གླིང་དུ་བཅའ་སྡོད་བྱས་ནས། ལོ་རེར་ཉོ་ཚོང་བྱེད་ཚད་ཁྲི་10ཟིན་པའི་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་ཕྱུགས་རིགས་ཉོ་ཚོང་ལྟེ་གནས་ལས་གཉེར་བྱེད་མགོ་ཚུགས་ཡོད། ཞིང་སྤེལ་ཕྱུགས་གསོའི་དང་ཟུང་འབྲེལ་གསུམ་གྱི་བབ་བསྟུན་གསོ་སྤེལ་སོགས་དེང་རབས་ཀྱི་གསོ་སྤེལ་བྱེད་སྟངས་སྤེལ་ཞིང་། མ་དངུལ་སྒོར་ཁྲི་8692བཏང་ནས་ལག་རྩལ་དཔེ་སྟོན་ཕྱུགས་ར་40དང་། ཕྱུགས་ཟོག་གི་དྲོད་ཁང་2955བསྐྲུན་པ་དང་། ནོར་གནག་གཅིག་ལ་སྒོར་2000ཡན་དངོས་སུ་འཕར་ཡོད།


     གྲོང་གསེབ་དར་རྒྱས་ཀྱི་དུང་བརྡ་སྒྲོག་པ་དང་བསྟུན། དེང་རབས་དཔལ་ཡོན་དང་ཐོན་ལས་འཕེལ་རྒྱས་ཕན་ཚུན་མཉམ་འདྲེས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་བ་ཞིག་མངོན་བཞིན་ཡོད་དོ།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1