གཙོ་ངོས།>> ཤེས་བྱ།>>སྐྱེ་ཁམས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༡༦ཉིན།

༄༅།།ཉི་མར་བརྟག་ཚུལ།

  ཉི་མ་བརྟག་པ་ནི།ཉི་མ་སྤྲིན་ནག་དང་འབྲེལ་ན། །མྱུར་དུ་ཆར་བ་འཐིག་པར་འགྱུར། །སྤྲིན་རུམ་ནས་ནི་ཉི་མ་གསལ། །ནམ་མཁའ་ཤིན་ཏུ་དྭངས་པར་འགྱུར། །སྔ་དྲོ་ཉིད་དཀྱིལ་རྣ་ལུང་བྱུང་། །རླུང་དྲག་ལྡང་བར་འགྱུར་བ་ཡིན། །སྤྲེལ་དུས་ཉི་དཀྱིལ་རྣ་ལུང་འབྱུང་། །ཕྱི་ཉིན་ཆར་བ་འབབ་པའི་རྟགས། །ཉི་མའི་རྣ་ལུང་གཅིག་པ་ནི། །སྐར་མ་ཟུང་མིན་དག་ལ་འབྱུང་། །ཉི་མའི་རྣ་ལུང་གཉིས་པ་ནི། །སྐར་མ་ཟུང་ལ་འབྱུང་བ་ཡིན། །ཉིན་གུང་སྔོན་དུ་ཉི་མ་ནི། །མི་གསལ་གྱུར་ཚེ་བྱང་རླུང་ལྡང་། །ཉིན་གུང་རྗེས་སུ་ཉི་མ་ནི། །མི་གསལ་གྱུར་ཚེ་རླུང་འབྱུང་ངོ་། །ཉི་དཀྱིལ་སྒྲིབ་པ་བསལ་རྗེས་སུ། །རླུང་ཤུགས་ཉམས་པར་འགྱུར་བ་ཡིན། །སྔ་དྲོ་ཉི་མའི་མདོག་དཀར་ཞིང་། །ཕྱི་དྲོ་མདོག་ནི་དམར་གྱུར་ན། །ཕྱེ་མ་འདྲེས་པའི་རླུང་ལྡང་འགྱུར། །ཉི་ནུབ་དུས་སུ་དམར་གྱུར་ན། །ཆར་བ་མེད་ཅིང་རླུང་འབྱུང་ངོ་། །སྔ་དྲོ་ནམ་མཁའ་དྭངས་གྱུར་ན། །བསེར་བུ་ལྡང་བར་འགྱུར་བ་ཡིན། །སྔ་དྲོ་ས་གཞི་དྭངས་གྱུར་ན། །ཆར་འཇམ་འབབ་པར་འགྱུར་བ་ཡིན། །མཚན་མོ་ནམ་མཁའི་མདངས་གསལ་ན། །ཉིན་མཚན་སྦྲེལ་བའི་ཆར་བ་འབབ། །ཉི་མའི་གཟི་བྱིན་རབ་གསལ་ན། །རེ་ཞིག་ནམ་མཁའ་དྭངས་པ་འབྱུང་། །ཉི་མའི་འོད་ཟེར་འཆར་སྔ་ན། །ནམ་མཁའ་དྭངས་པ་རེ་ཞིག་ཙམ། །ཉི་མའི་འོད་འགྱུར་སེར་པོར་གྱུར། །ཕྱི་ཉིན་རླུང་དྲག་གཡོ་བར་འགྱུར། །ཉི་ཕྱེད་རྗེས་སུ་སྤྲིན་པ་ཡིས། །ཉི་མ་སྒྲིབ་ན་མཚན་ཆར་ཆེ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1