གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༡༧ཉིན།

དབྱི་ལིང་ཙུང་ཐུང་གིས་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཐི་ལིང་ཕུའུ་སྲིད་གཞུང་གིས་དབྱི་ལིང་ལ་གནོན་ཤུགས་སྟེར་བ་དང་བཀག་སྡོམ་བྱེད་པའི་སྲིད་ཇུས་ལ་ཕམ་ཉེས་བྱུང་ཡོད་ཟེར། ཁོས་བྱེད་ཐབས་དེ་འདྲར་བརྟེན་ནས་དབྱི་ལིང་ཕམ་པར་བྱེད་པར་བརྩོན་པའི་མི་ཚང་མས་ནོར་འཆུག་གི་ཕམ་ཁའི་སྲིད་ཇུས་དེ་བསྐྱུར་དགོས་པའི་འབོད་སྐུལ་བཏང་། 
        ལུའུ་ཧཱ་ནེ་ཡིས་ཉིན་དེར་སྤེལ་བའི་སྲིད་གཞུང་གི་ནང་སྲིད་གྲོས་ཚོགས་སྟེང་བཤད་རྒྱུར། ཐི་ལིང་ཕུའུ་སྲིད་གཞུང་གིས་སྤེལ་བའི་དཔལ་འབྱོར་འཐབ་འཁྲུག་ལས་དབྱི་ལིང་ལ་གྱོང་གུད་ཆེན་པོ་བཟོས་ཡོད་ཀྱང་། དབྱི་ལིང་མི་དམངས་ཀྱིས་རྒྱལ་ཁ་བླངས་ཡོད། དབྱི་ལིང་དུས་ཡུན་ཐུང་ངུའི་ནང་ཕམ་ཉེས་སུ་འགྲོ་སྲིད་པར་རློམ་པའི་མི་རྣམས་ཕོ་བྲང་དཀར་པོ་དང་འབྲལ་རྒྱུ་རེད། དབྱི་ལིང་སྔོན་ཆད་ཀྱི་དུས་སྐབས་གང་རུང་ཀྱང་སྟོབས་ལྡན་དང་འགོག་ནུས་ལྡན་པར་འགྱུར་སྲིད་ཟེར། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1