མཛེས་པའི་ཡུལ་ལྗོངས་ཁྲོད་དུ་མི་སེམས་སྤྲོ་བ་འཕེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-17



ལྕགས་ཟམ་རྫོང་གིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཟིན་ཐོ།

མཛེས་པའི་ཡུལ་ལྗོངས་ཁྲོད་དུ་མི་སེམས་སྤྲོ་བ་འཕེལ།
ཡུལ་སྐོར་བ་ཚོས་ལྕགས་ཟམ་རྫོང་མཚོ་གཉིས་གྲོང་སྡེའི་པན་པན་ཆའོ་ཡི་ཞིང་པའི་སྤྲོ་སྐྱིད་གླིང་དུ་སྲེའུ་འཐོག་བཞིན་པའི་ཚུལ།

རི་མཐོ་གྲོག་རོང་དུ་འཚོ་གནས་བྱེད་བཞིན་པའི་མི་ཚོར་མཚོན་ན། ཡུལ་དེའི་ཁོར་ཡུག་གི་ཆ་རྐྱེན་ལ་བརྟེན་ནས་འཚོ་བ་བྱེད་པ་ནི་འཚོ་གནས་དང་སྐྱེ་འཕེལ་བྱེད་པའི་གཞི་རྩའི་ཆོས་ཉིད་ཡིན་པ་རེད། རང་ཁུལ་གྱི་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་པའི་རྫོང་དང་པོ་ཡིན་པའི་ཆ་ནས་ཉེ་བའི་ལོ་ཤས་རིང་ལྕགས་ཟམ་རྫོང་གིས་རང་ཉིད་ཀྱི་དོན་དངོས་དང་འབྲེལ་ནས་ནུས་ཤུགས་ཡོད་རྒུས་རི་ཁྲོད་ཀྱི་ཕྱུག་འགྱུར་ལམ་བུ་ཡག་པོ་འཚོལ་ཐུབ་པ་དང་། སྔོན་རྗེས་སུ་ཞིང་ཆེན་རིམ་པའི་ཞིང་སྡེ་གསར་པའི་ཡུག་སྦྲེལ་སྐུལ་འདེད་གཏོང་བའི་དཔེ་སྟོན་རྫོང་དང་། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྔོན་ཐོན་རྫོང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་ལས་ཀ་བཅུ་སྟོབས་ལྡན་ཡིན་པའི་རྫོང་། ཞིང་པའི་འབབ་འཕར་ལས་ཀ་སྔོན་ཐོན་ཡིན་པའི་རྫོང་སོགས་གཟི་བརྗིད་ཀྱི་མཚན་སྙན་ཁྱད་པ་ཅན་ཐོབ་ཡོད་པ་རེད། ཉེ་ཆར། གསར་འགོད་པས་ཁག་བགོས་ནས་ལྕགས་ཟམ་རྫོང་མཚོ་གཉིས་ཡུལ་ཤོག་གི་མཚོ་གཉིས་གྲོས་སྡེ་དང་། རི་མཇུག་གྲོང་རྡལ་གྱི་ཐང་རྩེ་གླིང་གྲོང་སྡེ། ཞིན་ལུང་གྲོང་རྡལ་གྱི་ཞི་བདེ་གྲོང་སྡེ་བཅས་ལ་ཕྱིན་ནས་རྫོང་དེའི་རི་ཁྲོད་ཀྱི་ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་བྱས་པ་ཡིན།

རི་འདབས། མཚོ་གཉིས་གྲོང་སྡེ་ཡིས་གྲོང་སྡེ་མཛེས་ཤིང་ཐོན་ལས་འཕེལ་ནས་མི་སེར་ཕྱུག་པོར་ཆགས།

ལྕགས་ཟམ་རྫོང་གི་གྲོང་ཡུལ་དར་སྤེལ་གཏོང་བའི་མིག་དཔེར་གྱུར་པའི་ཆ་ནས་མཚོ་གཉིས་གྲོང་སྡེས་ཐོན་ལས་དང་དུས་ཚིགས་བཞིའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་དང་མཉམ་འབྲེལ་བྱེད་པའི་བྱེད་སྟངས་ལྟར། གྲོང་སྡེའི་ལས་ལམ་དར་ཞིང་ཁྱིམ་ཚང་ཕྱུག་པོར་ཆགས། མི་སེམས་མཐུན་པ་དང་དཔྱིད་དཔལ་རྒྱས་པའི་རྣམ་པ་གསར་པ་དང་སྐྱེ་ཁམས་ཡུལ་སྐོར། དབུལ་ཐར་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་རྣམ་པ་གསར་པ་མཚོན་གང་ཐུབ་བྱེད་ཅིང་། གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ་ནི་མིང་དོན་མཚུངས་པའི་དུས་རབས་ཀྱི་སྤྲོ་སྐྱིད་ལྡུམ་ར་གླིང་ཁུལ་གསར་པ་ཞིག་ཡིན་པ་རེད།

མཚོ་གཉིས་གྲོང་སྡེའི་འུ་ལག་རི་བོའི་ས་གཤིས་དངོས་མང་གཤམས་སྟོན་ཁང་དུ་སླེབས་སྐབས། འུ་ལག་རི་བོའི་འགྱིག་སོབ་བཟོ་ལྟའི་འགྱུར་རྡོ་དང་། ནེ་ཙོའི་མཆུ་ཅན་གྱི་ཁུང་འབྲུག་འགྱུར་རྡོ། སྒལ་ཚིག་མེད་པའི་སྲོག་ཆགས་ཀྱི་འགྱུར་རྡོ་སོགས་འགྱུར་རྡོ་རིགས་སྣ་ཚོགས་བསྡུ་ཉར་བྱས་ནས་ཡོད་པའི་དངོས་པོས་མིག་དབང་རབ་ཏུ་འཕྲོག་པ་ཞིག་རེད། ངོ་སྤྲོད་བྱས་པ་ལྟར་ན། དངོས་མང་བཤམས་སྟོན་ཁང་དེས་གངས་དཀར་རི་བོ་དང་འུ་ལག་རི་བོ། ཉང་ཉང་རི་བོ། གླང་རྒྱབ་རི་བོ་བཅས་ཀྱི་འགྲོ་ཕྱོགས་དང་ས་གཤིས་ཀྱི་ཁྱད་ཆོས་མཚོན་པ་དང་ཆབས་ཅིག ད་དུང་རྒྱལ་ཡོངས་ཁོངས་གཏོགས་ཀྱི་སྐལ་པ་ཡ་ཐོག་ནས་འགྲོ་བ་མིའི་བར་གྱི་སྲོག་ཆགས་དང་རྩི་ཤིང་གི་དངོས་དཔེ་རྩ་ཆེན་འགྲེན་སྟོན་བྱས་ཡོད་པ་རེད།

འུ་ལག་རི་བོའི་ས་གཤིས་དངོས་མང་བཤམས་སྟོན་ཁང་གི་ཟུར་དུ་རིག་གནས་ཀྱི་ནང་དོན་ཕུན་སུན་ཚོགས་པའི་དུད་གསུམ་མཉམ་གནས་ཀྱི་ཁྱིམ་གཞིས་ཆགས་ཡོད་པ་རེད། གཞིས་མིའི་གནས་ཚང་དེ་ནི་ལྕགས་ཟམ་རྫོང་གིས་གསར་འཛུགས་བྱས་པའི་མཚོ་གཉིས་ཡུལ་ཤོག་གི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འོད་གསལ་བདེ་གསོའི་ཡུལ་སྐོར་དཔེ་སྟོན་ས་ཁུལ་གྱི་འདེགས་སྐྱོར་གཙོ་བོ་ཡིན་ལ། རང་ཁུལ་གྱི་རིག་ནུས་ལྡན་པའི་གཞིས་མིའི་གནས་ཚང་ཡང་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་མིའི་གནས་ཚང་ཡོད་ས་དེ་སྔོན་ཆད་དམར་དམག་རྒྱང་སྐྱོད་དང་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་གྲུ་ཁ་ཡིན་པ་རེད། དེ་དང་ཆབས་ཅིག་དུད་གསུམ་མཉམ་གནས་ཀྱི་ཁྱིམ་གཞིས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་འགྲེམ་སྟོན་དང་བྲིན་ཚོང་བྱེད་སར་ད་དུང་ཚད་ངེས་ཅན་གྱི་ཐོག་ནས་ཡུལ་དེ་གའི་ལ་གླུའི་རིག་གནས་དང་གོས་རྒྱན་རིག་གནས། བསླས་འཐག་རིག་གནས་བཅས་འགྲེན་སྟོན་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་ལྟ་ན། དབུལ་ཐར་འགག་སྒྲོལ་གྱི་འཕེལ་རིམ་ཁྲོད་མཚོ་གཉིས་ཡུལ་ཤོག་གི་གྲོང་སྡེའི་མགྲོན་ཁང་དང་གཞིས་མིའི་གནས་ཚང30ལྷག་ཡོད་པ་དེ་ཚང་མས་རྣམ་པ་བསྒྱུར་བཀོད་དང་རྨང་གཞི་རིམ་སྤར་བྱས་ནས། རླངས་འཁོར་འཇོག་ས་དང་སྐུད་མེད་གློག་དྲྭ། རྐང་ལམ་ཕྲ་མོ་སོགས་སྒྲིག་ཆས་ཆ་ཚང་འཛོམས་པ་རེད།

གཞིས་མིའི་གནས་ཚང་གི་མགྲོན་ཁང་ཕུད་ཁ་ཁྱད་ཆོས་ལྡན་པའི་ཁྱད་རྟགས་གྲགས་ཅན་ཡང་མཚོ་གཉིས་གྲོང་སྡེའི་གྲོང་སྡེ་དར་སྤེལ་གཏོང་བྱེད་ཀྱི་འགག་རྩ་ཡིན་པ་རེད། ལྗང་མདོག་དང་སྐྱེ་ཁམས། འཆམ་མཐུན། ཡ་རབས་ཚུལ་ལྡན་གྱི་གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་ལྟར། མཚོ་གཉིས་ལ་རང་གཅུན་བློ་སྦྱོང་བྱེད་སར་འོངས་པའི་ཡུལ་སྐོར་གྱི་ཁྱད་བཏགས་གྲགས་ཅན་གྱི་ལས་ཀའི་འདུ་ཤེས་འབུར་ཐོན་ཡོང་བ་དང་། མཚོ་གཉིས་གྲོང་སྡེས་ཁྱད་བཏགས་གྲགས་ཅན་གསར་སྐྲུན་བྱེད་པར་དོ་སྣང་བྱེད་ཅིང་། ཀྲུང་གོའི་སྲེའུ་དམར་པོའི་ཁྱད་བཏགས་གྲགས་ཅན་ལ་བརྟེན་པ་དང་། ཡུལ་སྐོར་གྱིས་གྲོང་སྡེར་གསོན་ཤུགས་སྟེར་བའི་སྒུལ་ཤུགས་སུ་བྱས་ནས། གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཡུལ་དེ་གའི་གྲོང་སྡེའི་རྣམ་པ་ལེགས་བཅོས་དང་གྲོང་སྡེའི་དཔལ་འབྱོར་མགྱོགས་མྱུར་འཕར་སྣོན་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རྟག་པའི་སྤྱི་ཟླ4པ་ནས6པའི་བར་མཚོ་གཉིས་ཡུལ་ཤོག་གི་སྲེའུ་དམར་པོ་རྒྱུན་མཐུད་དུ་སྨིན་ལེགས་བྱུང་ནས། ཟླ་བ་གསུམ་གྱི་རིང་ལ་འབྲེལ་མཐུད་དུ་ཚོང་ཁྲོམ་དུ་འདོན་ཐུབ་མཁན་རྒྱལ་ཡོངས་ལ་དེ་མ་གཏོགས་མེད་ཅེས་བཤད་སྲོལ་ཡོད་པ་རེད།

རི་སྐེད། ཐང་རྩེ་གླིང་གྲོང་སྡེ་ཡིས་སྔོན་ཆད་ཀྱི་རི་རྒོད་དེ་ཡོང་འབབ་འཚོལ་བྱེད་ཀྱི་ནོར་བུར་བསྒྱུར།

རི་མཇུག་གྲོང་རྡལ་ཐང་རྩེ་གླིང་གྲོང་སྡེའི་བདེ་སྐྱིད་ཐང་ཚོགས་ཆུང་གི་མུའུ་སྟོང་ཅན་གྱི་ཁམ་བུ་སོས་མའི་རྟེན་གཞི་དེ2013ལོར་འཛུགས་གཉེར་བྱས་པ་དང་། རྟེན་གཞི་ལས་ཐོན་པའི་ཁམ་བུ་སོས་མ་ནི་ཡུལ་དེ་གའི་མིང་གྲགས་ལྡན་པའི་ཡུལ་ཐོན་དངོས་རྫས་དང་པོ་ཡིན་པས། བཅུད་ལྡན་བཟའ་བཅའ་དང་ལྷད་མེད་བཟའ་བཅའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱུང་ཡོད་པ་རེད།

ཁམ་བུ་སོས་མ་འདེབས་འཛུགས་བྱས་པ་དེས་གྲོང་སྡེ་དེའི་གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཀའ་གནད་སྒྲོལ་ཐུབ་པ་དང་། གྲོང་སྡེའི་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཅིང་དཔལ་འབྱོར་གྱི་འཕར་གནས་གསར་པ་དང་དཔེ་སྟོན་བྱེད་སའི་ལམ་བུ་གསར་པ་འཚོལ་ཐུབ་པ་རེད། ལོ་རྟག་པའི་ཟླ་བ་བརྒྱད་པ་དང་དགུ་པར་བདེ་སྐྱིད་ཐང་ཚོགས་ཆུང་གི་ཁམ་བུ་སོས་མ་རྒྱུན་མཐུད་དུ་ཁྲོམ་རར་བཙོང་ནས་གཞིས་མི་དང་ཡུལ་སྐོར་བ་ཚང་མས་མྱོང་རོལ་བྱེད་སྙིང་སྤྲོ་བ་རེད།

གྲོང་མི་ཀའོ་ཁའེ་ཧུང་གིས་གསར་འགོད་པར་ཁམ་བུ་དེ་དག་སྨིན་ལེགས་བྱུང་རྗེས་ཚོང་པ་རྣམས་རྟེན་གཞིར་ཉོ་སྒྲུབ་བྱེད་སར་འོང་འདུག ཁམ་བུ་རེར་སྒོར་རེ་འཚོང་ཐུབ་ཀྱི་ཡོད། ཕྱིའི་རྣམ་པ་ཡག་ན་རིན་གོང་ཡང་དེ་བས་མཐོ་ཙམ་རག་ཐུབ་པ་རེད། ས་ཞིང་མུའུ་རེར་མ་མཐའ་ཡང་ཁམ་བུ་སོས་མ་སྡོང་པོ100བཙུགས་ནས་སྡོང་པོ་རེར་ཁམ་བུ200ལྟར་བརྩིས་ན་སྒོར200རག་ཐུབ། ས་ཞིང་མུའུ་རེར་མ་མཐའ་ཡང་ཡོང་འབབ་སྒོར་ཁྲི2ཡན་ལ་རག་ཐུབ་པ་རེད། ད་ལོར་ཁམ་བུ་སོས་མ་བྲིན་འཚོང་བྱས་ནས་བདེ་སྐྱིད་ཐང་ཚོགས་ཆུང་གི་མི་སེར་དུད་ཚང20ལྷག་ཚང་མར་ཡོང་འབབ་སྒོར་ཁྲི་བཞི་ཡན་ལ་སླེབས་ཐུབ་པ་རེད།དེང་སང་གི་ས་ཞིང་རྩ་ཆེན་འདི་སྔོན་ཆད་མུག་རི་ལ་སྟོང་ཡིན་པ་རེད། ཀའོ་ཁའེ་ཧུང་གིས་སྔོན་ཆད་རི་རྒོད་འདིར་རྩྭ་ལྡུམ་གྱིས་ཁེབས་ནས་གསར་སྦོལ་དང་བེད་སྤྱོད་གཏོང་རིན་གཏན་ནས་མེད་པ་རེད་ཅེས་བཤད།

དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་སྤེལ་བ་དང་སྦྲགས། སྔོན་ཆད་ཏུའུ80ཡན་ལ་སླེབས་པའི་རི་ལྡེབས་འདིར་སྐྱིད་ཀྱི་ཉི་མ་ཤར་དུས་ཡོད་འདུག ཐང་རྩེ་གླིང་གྲོང་སྡེའི་ཨུ་ལྷན་གྱིས་ཚོང་རར་བརྟག་ཞིབ་བྱས་རྗེས་ཁམ་བུ་སོས་མའི་ཐོན་ཚད་དང་འཚོ་བཅུད་ཀྱི་རིན་ཐང་མཐོ་ཞིང་། ཚོང་རའི་དགོས་མཁོ་ཆེ་བ་དང་གྱོང་གུན་གྱི་ཉེན་སྐྱོན་ཆུང་སྟབས། གྲོང་སྡེར་ཚ་ཚ་འུར་འུར་ངང་ཁམ་བུའི་སོས་མའི་སྡོང་པོ་འཛུགས་གང་ཐུབ་བྱས། མིག་སྔར་མུའུ་སྟོང་ཅན་གྱི་ཁམ་བུ་རྟེན་གཞི་ནི་ཐང་རྩེ་གླིང་གྲོང་སྡེའི་ཐུན་མོང་ནགས་སའི་ཁོངས་གཏོགས་ཡིན་པ་རེད།

ཁམ་བུ་སོས་མ་བཙུགས་ནས་ཡུལ་དེ་གའི་གྲོང་མིས་ཕྱུག་འགྱུར་གྱི་ཡོང་འབབ་འཚོལ་ཐུབ་པ་རེད། འབྱུང་འགྱུར་དུ་ཀའོ་ཁའེ་ཧུང་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད་འདུག ཁོས་ཁམ་བུ་སོས་མ་འདེབས་ཁྱོན་རྒྱ་སྐྱེད་གཏོང་བ་དང་སྔར་ལས་ལྷག་པར་ཁམ་བུ་བྲིན་འཚོང་བྱེད་ལམ་རྒྱ་སྐྱེད་བཏང་ནས། ཁམ་བུ་སོས་མ་རི་ཁུལ་ནས་གྲོང་ཁྱེར་དུ་ཐོན་ནས་ཕྱི་ཡུལ་གྱི་མི་ཚོས་རིམ་བཞིན་ལྕགས་ཟམ་རྫོང་གི་མིང་བྱང་དུ་གྱུར་པར་ངོས་འཛིན་དང་ཤེས་རྟོགས་བྱ་དགོས་ཅེས་བཤད་པ་རེད།

རི་མགོར། ཞི་བདེ་གྲོང་སྡེ་ཡིས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྱངས།

ལྕགས་ཟམ་རྫོང་ཞིང་ལུང་གྲོང་རྡལ་ཞི་བདེ་གྲོང་གྲོང་སྡེ་ནི་གླང་རྒྱབ་རིའི་འགྲོ་རོགས་བཙལ་ནས་ཡུལ་སྐོར་བྱེད་མཁན་གྱི་སྒར་ས་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་གླང་རྒྱབ་རིའི་ཁྱད་འཕགས་ཀྱི་ཆ་རྐྱེན་ལ་དམིགས་ནས། རི་ཀླུང་ཡུལ་སྐོར་དང་ཁྱད་ཆོས་ལྡན་པའི་གཞིས་མིའི་གནས་ཚང་།ཁྱད་ལྡན་ཐོན་ལས་བཅས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་བྱེད་སྟངས་བརྒྱུད་པ་དང་། ཞིང་པའི་སྡོད་ཁང་སྤོ་བསྒྱུར་དང་གྲོང་སྡེའི་ཐུན་མོང་གི་བེད་མེད་དུ་བསྐྱུར་བའི་རྒྱུ་ནོར་འཁོར་སྤྱོད་བྱས་ནས། གྲོང་སྡེ་དེ་ལེགས་འགྲུབ་ངང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་དཔེ་སྟོན་གྲོང་གསར་བསྐྲུན་པ་རེད།

སྔོན་ཆད་གྲོང་སྡེའི་རྨང་གཞིའི་སྒྲིག་ཆས་རྗེས་ལུས་དང་འགྲིམ་འགྲུལ་སྟབས་མི་བདེ་བ་རེད། དེང་སང་གཅིག་གྱུར་འཕེལ་རྒྱས་ཡོང་བའི་འཐབ་ཇུས་ཀྱིས་སྐུལ་འདེད་འོག ཞི་བདེ་གྲོང་སྡེས་སྔར་ཡོད་ཀྱི་ས་གཤིས་དགེ་མཚན་ལ་བརྟེན་ནས། དཔྱིད་ཀར་མེ་ཏོག་ལ་ལྟ་བ་དང་། དབྱར་ཁར་དྲོད་གཡོལ་བྱེད་པ། སྟོན་ཁ་ཤིང་ཏོག་གི་རོལ་བཅུད་མྱོང་བ། དགུན་ཁར་ཚྭ་ཉར་འགྲོ་བའི་བསམ་ཕྱོགས་ལ་དམིགས་ཏེ། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པའི་ཐབས་ཤེས་སྤྱད་ནས་གླང་རྒྱབ་རིའི་བདེ་སྐྱིད་ཀྱི་མཛེས་ལྗོངས་རིམ་བཞིན་མངོན་གང་ཐུབ་བྱས་པ་རེད།

ཞི་བདེ་གྲོང་སྡེ་ནི་ལ་སྐེད་ལ་ཆགས་པའི་དཔེར་འོས་ས་ཁུལ་ཞིག་ཡིན། རི་མགོར་སྤྱི་ལེ6ཡས་མས་སོང་རྗེས་ད་གཟོད་ཞི་བདེ་གྲོང་སྡེའི་མཛེས་ལྗོངས་ལྟ་ས་དང་པོར་སླེབས་ནས་གླང་རྒྱབ་རི་བོའི་མཛེས་ལྗོངས་ལ་རྒྱང་ལྟ་བྱེད་ཐུབ་ཀྱི་ཡོད། མཛེས་ལྗོངས་ལྟ་སའི་ཟུར་འགྲམ་གྱི་གཞུང་ལམ་དུ་གླིང་ཁུལ་དང་ཁུལ་གྱིས་མཉམ་ལས་བྱས་པའི་ཁྱད་ཆོས་ཤིང་ཏོག་ཚན་རྩལ་དཔེ་སྟོན་རྟེན་གཞིའི་མཚོན་རྟགས་བཙུགས་ཡོད་པ་དང་། མཚོན་རྟགས་ཀྱི་རྒྱབ་ཕྱོགས་སུ་གངས་དཀར་གྱི་ཁམ་བུའི་དྲི་ཞིམ་རབ་ཏུ་འཐུལ་བཞིན་པ་རེད།

ཞི་བདེ་གྲོང་སྡེའི་སྡེ་དཔོན་ཝང་ཚི་ཕིང་གིས་ཧོ་ཕིང་གྲོང་སྡེའི་ཚོ་ཆུང་དང་པོར་ཁམ་བུའི་སྡོང་ཕྲུག་ཧ་ལམ200ལྷག་ཡོད་པ་དེ་ཚང་མ་ཁུལ་ཞིང་ལས་ཚན་རྩལ་ཁང་གི་ཆེད་ལས་མཁན་ཅན་གྱིས་ཁྲིད་སྟོན་འདེབས་འཛུགས་བྱས་པ་རེད། ཁམ་བུ་ཚོང་ཁྲོམ་དུ་མཁོ་འདོན་བྱས་ནས་རྒྱ་མ་རེར་ཕལ་ཆེར་རིན་གོང་སྒོར15ནས20ཡས་མས་རག་ཐུབ་ཀྱི་ཡོད་ཅེས་བཤད།

གྲོང་སྡེའི་ཨུ་ལྷན་དང་རྒྱང་ཐག་ཉེ་བའི་གཞིས་མིའི་གནས་ཚང་ཞིག་ལ་མཛུབ་མོ་བཙུགས་ནས་ཝང་ཚི་ཕིང་གིས་སྤོབས་པ་ཆེ་སྐྱེས་ཀྱིས་སྔོན་ཆད་གྲོང་སྡེར་ལམ་མི་ཐར་བས་ཅ་ལག་སྐྱེལ་འདྲེན་བྱེད་ཐབས་བྲལ་བ་དང་ཡུལ་སྐོར་བྱེད་མཁན་ཡང་ཡོང་ཐབས་བྲལ་བ་རེད། ད་ལྟར་ལམ་ཡག་པོ་བསྐྲུན་ཐུབ་པ་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་བྱུང་ནས་ང་ཚོའི་གྲོང་སྡེ་འདིར་ཡུལ་སྐོར་སྣེ་ལེན་བྱེད་པའི་ཐོབ་ཐང་ཡོད་མཁན་གཞིས་མིའི་གནས་ཚང20ལྷག་ཡོད་འདུག ཡུལ་སྐོར་གྱི་སྤུས་དག་ཐོན་རྫས་འཛུགས་སྐྱོང་ནུས་ལྡན་བྱེད་མཁན་གྱི་གྲོང་སྡེ་ཆུང་ཆུང་ལ་ཆ་མཚོན་ནས་བཤད་ན། གྲོང་སྡེ་གཞིས་མིའི་གནས་ཚང་བརྒྱ་ཆ60ཡི་ཐོབ་ཆ་རག་མཁན་ཚང་མ་མི་སེར་ཡིན་པ་རེད། དངུལ་ཁུག་གོང་ནས་འཚོ་བ་སྐྱིད་པ་དང་གྲོང་མིའི་སེམས་པ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཏུ་ཕྱིན་པ་རེད།

མ་འོངས་འབྱུང་འགྱུར་དུ་ལྕགས་ཟམ་རྫོང་གིས་འབྱོར་འབྲིང་དང་། གསོན་ཤུགས་ལྡན་པ། གསར་བརྗེ། བདེ་གསོ། འཆམ་མཐུན་བཅས་ཀྱི་ལྕགས་ཟམ་རྫོང་དུ་འཛུགས་སྐྲུན་བྱེད་པའི་ལས་ཀ་སྐུལ་འདེད་གཏོང་རིང་དུ་མཚོ་གཉིས་གྲོང་སྡེ་དང་ཐང་རྩེ་གླིང་གྲོང་སྡེ། ཞི་བདེ་གྲོང་སྡེ་སོགས་ལ་རེས་གསར་པའི་བདེ་སྐྱིད་ཀྱི་ལེའུ་བསྐྲུན་ཐུབ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1