གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༢ཚེས་༡༧ཉིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པེ་རི་ཡའི་ཆེད་མངགས་ཚོགས་པའི་འགན་ཡུན་ཡང་བསྐྱར་ཇེ་རིང་དུ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ཁང་ཆེན་མོ།

           སྤྱི་ཟླ་12པའི་ཚེས་15ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཞག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པེ་རི་ཡའི་ཆེད་མངགས་ཚོགས་པའི་འགན་ཡུན་དེ་2015ལོའི་ཟླ་9པའི་ཚེས་30ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་ལ། ཨེ་པའོ་ལ་རིམས་ནད་ཀྱི་ཉམས་ཉེན་མཇུག་སྒྲིལ་རྗེས་ཞི་བདེ་སྲུང་སྐྱོབ་དམག་དཔུང་ཇེ་ཉུང་དུ་གཏོང་བའི་འཕེལ་རིམ་སླར་གསོ་བྱ་རྒྱུ་རེད།

          གྲོས་ཆོད་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པེ་རི་ཡའི་ཆེད་མངགས་ཚོགས་པའི་ལས་འགན་ནི། མི་སེར་དཀྱུས་མར་སྲུང་སྐྱོབ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་རམ་འདེགས་བྱེད་པ། ལི་པེ་རི་ཡའི་སྲིད་གཞུང་ལ་རོགས་རམ་བྱས་ཏེ་ཁྲིམས་འཛིན་དང་བདེ་འཇགས་ལས་ཁུངས་ཀྱི་བཅོས་བསྒྱུར་དང་འདེམ་བསྐོ་སོགས་ཀྱི་ལས་ཀ་བྱ་དགོས་པ་སོགས་འདུས་ཡོད། དེ་མིན་ལི་པེ་རི་ཡའི་སྲིད་གཞུང་གིས་མྱུར་དུ་ཕན་ནུས་ལྡན་པའི་སྒོ་ནས་བདེ་འཇགས་ལས་ཁུངས་འཛུགས་པ་དང་། ཁྱད་པར་དུ་རྒྱལ་ཁབ་ཉེན་རྟོག་སྡེ་ཁག་འཛུགས་དགོས་པའི་སྐུལ་མ་བཏང་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1