གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༡ཉིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་སྙན་ཞུ་ལས་བྲེལ་མྱུར་འགུལ་སྐྱོད་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་གི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ཀྲུང་གོར་སྡོད་པའི་འཐུས་མིའི་ཁྲུའུ་སོགས་ལས་ཁུངས་ཀྱིས་ཚེས་ཉི་ཤུ་ཉིན་པེ་ཅིང་ནས་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བྱ་བའི་རྒྱང་ལྟ་ཁག་དྲུག་པའི་རྒྱ་ཡིག་དཔར་མའི་སྙན་ཞུ་སྤེལ། སྙན་ཞུ་ལས་བྲེལ་མྱུར་སྒོས་སྡེ་ཁག་བརྒལ་བའི་སྲིད་ཇུས་འགུལ་སྐྱོད་སྤེལ་ནས། སྤྱི་ཚོགས་ཡོངས་སྐུལ་སློང་སྒོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 
        སྙན་ཞུ་དེ་ནི་སའི་གོ་ལར་སྤེལ་བའི་བརྟག་དཔྱད་གལ་ཆེན་ཞིག་ཡིན་ཞིང་། སའི་གོ་ལའི་བདེ་ཐང་དང་མིའི་རིགས་ཀྱི་བདེ་ཐང་གི་བརྗོད་སྙིང་ལ་དམིགས་ཏེ། མ་ལག་ལྡན་པའི་སྒོ་ནས་གཏོར་བརླག་ཚབས་ཆེན་ཐེབས་པའི་སའི་གོ་ལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་བྱས་ཡོད། 
        སྙན་ཞུ་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་སྤྱིའི་ཁོར་ཡུག་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར། སྙན་ཞུ་ལས་མིག་སྔའི་ནམ་ཟླའི་འགྱུར་ལྡོག་དང་མཁའ་དབུགས་སྦགས་བཙོག སྐྱེ་ཁམས་སྣ་མང་ཅན་གྱི་ཉམས་དམས། རྒྱ་མཚོའི་འགྱིག་རིགས་སྦགས་བཙོག ས་ཞིང་ཞན་འགྱུར་སོགས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འགྲན་རྩོད་ལ་དབྱེ་ཞིབ་བྱས། སྙན་ཞུ་ལས་བསྟན་དོན། མིག་སྔའི་ཁོར་ཡུག་སྲིད་ཇུས་ཁོ་ན་ལས་འགྲན་རྩོད་དེ་དག་ཐག་གཅོད་བྱེད་ཐབས་མེད་པས། སྡེ་ཁག་བརྒལ་བའི་བྲེལ་མྱུར་སྲིད་ཇུས་འགུལ་སྐྱོད་སྤེལ་བ་དང་། སྤྱི་ཚོགས་ཡོངས་སྐུལ་སློང་སྒོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར། 
        སྙན་ཞུ་ལས་རྒྱལ་ཁབ་སོ་སོས་རྒྱུན་མཐུད་མིན་པའི་ཐོན་སྐྱེད་དང་འཛད་སྤྱོད་རྣམ་པ་རྩ་བ་ནས་བསྒྱུར་དགོས་པ་དང་། ཧུར་ཐག་སྒོས་རྒྱལ་སྤྱིའི་མཉམ་ལས་སྤེལ་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དང་། རྒྱལ་སྤྱི་ཡིས་གྲོས་ཐག་བཅད་པའི་ཁོར་ཡུག་དམིགས་འབེན་གཞན་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། 
        ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིན་མེན་གྱིས་བརྙན་རིས་ཞུ་ཚིག་སྤེལ་སྐབས་བསྟན་དོན། རྒྱ་ཡིག་དཔར་མའི་སྙན་ཞུ་སྤེལ་བ་དེ་ཏག་ཏག་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་རྩ་གནད་སྒྲིག་བཟོ་བྱེད་པའི་གནད་འགག་གི་དུས་ལ་འཁེལ་ཡོད་པ་དང་། ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་འཆར་འགོད་དང་ལག་བསྟར་བྱེད་པའི་ཐད་དཔྱད་གཞིའི་ནུས་པ་འདོན་སྤེལ་བྱེད་ཐུབ་ཟེར། ཁོས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་སོ་སོའི་བར་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ལག་རྡང་སྦྲེལ་ནས་ལྷད་མེད་ཐན་ཉུང་གི་རྣམ་པར་འཕར་བར་སྐུལ་འདེད་བཏང་སྟེ། ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་དགོས་ཟེར།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1