གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༡ཉིན།

སི་ཁྲོན་ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་ཁུལ་གྱི་པར་ལེན་འགྲན་བསྡུར་ཆེན་མོ་སྤེལ་འགོ་ཚུགས།


     ཉེ་ཆར། ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུས་ཀྱིས་500PX“རང་བྱུང་གི་འོད་སྣང”ཞེས་པའི་པར་ལེན་ཚོ་པ་དང་མཉམ་དུ་སྤེལ་བའི“རང་བྱུང་གི་བཀྲག་མདངས་ཏེ་རང་བྱུང་གི་ཚོན་མདོག་བརྙན་པར་དུ་འགོད་པའི”པར་ལེན་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་ནས་བཟུང་འབྲེལ་ཡོད་རྩོམ་ཡིག་22629འབྱོར་ཡོད་པ་རེད། པར་རྒྱག་མཁན་ཚོས་པར་ཆས་ལ་བརྟེན་ནས་ཏ་ཁོག་འཁྱགས་ཀླུང་གི་རྣམ་པར་བཀྲ་བའི་སྟོན་དུས་དང་ངོ་མཚར་ཆེ་བའི་དགུན་དུས་པར་དུ་བཏབས་ཡོད།


     སྤྲིན་མཚོ། ཉི་ཤར། སྐར་ཚོགས། འདི་དག་ནི་ཁྲེང་ཏུའུ་ནས་ཡོང་བའི་པར་རྒྱག་མཁན་ཡན་ལེ་ཡིས་ཏ་ཁོག་འཁྱགས་ཀླུང་དུ་པར་དུ་བཏབས་པའི་མཛེས་ཉམས་ཡིན། “སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་དེ་བཞིན་སྲོག་ཆགས་དང་རྩི་ཤིང་གི་སྣ་མང་རང་བཞིན་གྱིས་གནས་འདི་ནི་སྐར་མ་དང་སྤྲིན་ཚོགས། ཉི་ཤར་བཅས་ལ་བལྟ་བའི་གནས་མཆོག་ཅིག་ཏུ་གྱུར་བཅུག་པས། པར་ལེན་ལ་དགའ་པོ་བྱེད་མཁན་ཚོས་བརྩམས་ཆོས་ཡག་པོ་དེ་བས་མང་བ་གསར་རྩོམ་བྱེད་ཆོག་གི་ཡོད་པ་རེད།” ཡན་ལེ་ཡིས་པར་ཆས་ལ་བརྟེན་ནས་ཏ་ཁོག་འཁྱགས་ཀླུང་གི་ཕྱོགས་མང་པོའི་རྣམ་པ་མངོན་པར་བྱས་ཡོད།

     ངོ་སྤྲོད་བྱས་པར་གཞིགས་ན། ཏ་ཁོག་འཁྱགས་ཀླུང་ནི་གངས་འཁྱགས་ཡུལ་སྐོར་དུས་ཚིགས་ཡག་ཤོས་སུ་སླེབས་ཡོད། གངས་འཁྱག་ཡུལ་སྐོར་དེ་ལོ་རེའི་ཟླ་10པར་སྔ་རྗེས་སུ་སྤེལ་འགོ་ཚུགས་ལ། ཕྱི་ལོའི་ཟླ་བ་7པ་བར་རྒྱུན་མཐུད་ཐུབ་པ་དང་དུས་ཡུན་ཟླ་བ་བཅུ་ཙམ་ཟིན་གྱི་ཡོད། རི་འདབས་སུ་རྩི་ཤིང་སྣ་ཚོགས་སྐྱེས་པ་དང་། རི་འགོར་ཁ་བ་དཀར་པོས་གཡོགས། འདི་ནི་ལོ་དུང་ཕྱུར་མང་པོའི་འཁྱགས་ཀླུང་གིས་བྲིས་པའི་གཏམ་རྒྱུད་རེད། སྲོག་ཆགས་དང་མི་འཆམ་མཐུན་ངང་ས་གཞི་འདིའི་སྟེང་དུ་མཉམ་འཚོ་བྱེད་བཞིན་ཡོད་དེ། ཡུལ་སྐོར་བས་ཏ་ཁོག་ཚོ་གསུམ་བོད་གྲོང་དུ་མི་རིགས་རིག་གནས་སྣ་མང་གི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པ་མ་ཟད། ད་དུང་སྤྲེའུ་འཚོ་སྡོད་ཁུལ་དུ་རང་བྱུང་ཁམས་ཀྱི་གཅེས་ནོར་དེ་དག་དང་ཡང་འཕྲད་སྲིད།


     ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“ཏ་ཁོག་འཁྱགས་ཀླུང་ལ་ཉེ་བའི་ལོ་ཤས་རིང་དྲ་ཐོག་ཏུ་དགའ་བསུ་ཆེན་པོ་ཐོབ་ཡོད། པར་ལེན་འགྲན་བསྡུར་ཆེ་མོ་སྤེལ་བ་བརྒྱུད་དེ་ཏ་ཁོག་འཁྱགས་ཀླུང་གི་མི་འདྲ་བའི་མཛེས་སྡུག་མངོན་པར་བྱེད་ཐུབ་པའི་རེ་བ་ཡོད། ཏ་ཁོག་འཁྱགས་ཀླུང་ལ་ས་བབ་མཐོ་བའི་འགྲུལ་སྐྱེལ་འབྲེང་ལམ་དང་ས་བབ་མཐོ་བའི་འཁྱག་ཀླུང་ཁའོ་ཧྥེ་ཁང་སོགས་གཏན་འཇགས་IPཡོད་པས། ཡུལ་སྐོར་བ་འདི་གར་ཡོང་ནས། ཏ་ཁོག་འཁྱགས་ཀླུང་གི་ཐུན་མིན་གྱི་མཛེས་པ་ཤེས་རྟོགས་དང་ཡུལ་སྐོར་ཉམས་ལེན་བྱེད་དུ་ཡོང་རེ་ཡོད”ཅེས་བརྗོད། (http://tibet.people.com.cn/15832875.html)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1