གཡེར་མ་ནི་འཛམ་ཐང་མང་ཚོགས་ཕྱུག་པོར་འགྱུར་བའི་ཡོང་སྒོ་ཞིག་ཏུ་གྱུར།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-21



     ཉེ་ཆར། དམིགས་བསལ་གྱི་འཛད་སྤྱོད་དབུལ་སྐྱོར་བྱེད་སྒོ་ཞིག་འཛམ་ཐང་རྫོང་ཕོ་སུལ་ཡུལ་ཚོ་བསུ་ཡོ་གྲོང་སྡེའི་རིག་གནས་བྱེད་སྒོ་ཁང་དུ་སྤེལ། ཉིན་དེའི་ཞོགས་པར། སྡེ་མི་ཚོས་ད་ལོར་གསར་དུ་བཏོག་པའི་གཡེར་མ་རྒྱབ་ཏུ་ཁུར་ནས་གནས་འདིར་འཛོམས་ཤིང་། ཛམ་བྷ་ལ་ཏང་ཡོན་གདོང་ལེན་དང་བླངས་ཞབས་ཞུ་རུ་ཁག་སྟེ་བསུ་ཡོ་གྲོང་སྡེའི་དང་བླངས་པ་10ཡིས་གཡེར་མའི་སྤུས་ཀར་ཞིབ་བཤེར་དང་། ལྗིད་ཚད་འཇལ་བ། དབོར་འདྲེན་བཅས་ལ་རོགས་བྱེད་བཞིན་ཡོད།
     ཉེ་བའི་ལོ་འདི་དག་གི་རིང་ལ། བསུ་ཡོ་གྲོང་སྡེའི་ཐོན་ལས་འཕེལ་རྒྱས་འགྲོ་བར་བཀག་རྒྱ་ཐེབས་ཡོད། ཇི་ལྟར་ས་གནས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མང་ཚོགས་ཕྱུག་པོར་འགྲོ་རྒྱུ་ནི་བསུ་ཡོ་གྲོང་སྡེའི་དཀའ་གནད་ཅིག་ཏུ་གྱུར་ཡོད། རྟོག་ཞིབ་དང་གསོ་སྦྱོང་མང་བོ་བྱས་པ་བརྒྱུད། བསུ་ཡོ་གྲོང་སྡེས་སྐྱེ་ཁམས་ཀྱི་ལེགས་ཆ་སྤྱད་དེ་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་ཐག་བཅད།
     2019ལོར། མའོ་རྫོང་ནས་གཡེར་མའི་སྡོང་ཕྲུག་10000ལྷག་ནང་འདྲེན་བྱས་ཤིང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་རོགས་སྐྱོར། ཞིང་བས་འཛུགས་པ་བཅས་སྦྲེལ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད། སྡེ་མི་སྣེ་ཁྲིད་དེ་གཡེར་སྡོང་བཙུགས་པ་དང་། ལོ་གཉིས་ཀྱི་རིང་ལ་གསོ་སྐྱོང་བྱས་པ་བརྒྱུད་ད་ལོར་བསུ་ཡོ་གྲོང་སྡེའི་གཡེར་སྡོང་ལ་ཐོན་ལེགས་བྱུང་ཡོད།
     འཛམ་ཐང་རྫོང་ཕོ་སུལ་ཡུལ་ཚོ་བསུ་ཡོ་གྲོང་སྡེའི་སྡེ་མི་ཅང་ཕོ་ཡིས། དེ་རིང་ངེད་ཚང་གི་གཡེར་མ་བཙོངས་ནས་ཡོང་འབབ་སྒོར་2200ཡོད་ལ། གཡེར་མའི་འཚོང་ལམ་རྒྱ་ཆེར་གཏོང་ཆེད། ཛམ་བྷ་ལ་ཏང་ཡོན་གདོང་ལེན་དང་བླངས་ཞབས་ཞུ་རུ་ཁག་གིས་དྲྭ་ལམ་བརྒྱུད་གཡེར་མ་བཙོངས་པ་དང་། རོགས་སྐྱོར་ལས་ཁུངས་དང་ཚོང་བས་རྒྱབ་སྐྱོར་འོག བསུ་ཡོ་གྲོང་སྡེའི་གྲོང་གསེབ་ལྗོངས་སྐོར་མཉམ་ལས་ཁང་གིས་གྲོང་སྡེ་རུ་འཛད་སྤྱོད་དབུལ་སྐྱོར་བྱེད་སྒོ་སྤེལ་བ་དང་། བྱེད་སྒོའི་ཡུལ་དངོས་སུ་སྡེ་མི་ཚོས་བསྐྱལ་བའི་གཡེར་མ་རྒྱ་མ་1100བཙོངས་ཚར་ལ། ཡོང་འབབ་སྒོར་93500ཡོད།

     རྒྱུས་ལོན་པ་ལྟར་ན། མིག་སྔར་བསུ་ཡོ་གྲོང་སྡེ་ཡོངས་ཀྱིས་གཡེར་སྡོང་མུའུ་200ལྷག་བཙུགས་ཡོད་ཅིང་། ལོ་གཅིག་གི་ཐོན་ཚད་རྒྱ་མ་1000ལྷག་ཟིན་ཐུབ་ལ། ཁྱིམ་ཚང་110དང་མི་492ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་དང་། ད་སྐབས་གཡེར་མའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ཞིག་ཏུ་གྱུར་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1