གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༢ཉིན།

༄༅།།དགུ་འདྲེན་རིང་གོམས་གཤིས་འདི་དག་མ་སྤངས་ན། ལུས་པོ་ནད་ཀྱིས་གཏུམ་ངེས།


         དགུ་འདྲེན་རིང་གནམ་གཤིས་གྲང་ཤོས་རེད་ལ། ང་ཚོའི་ལུས་པོ་ཡང་ལོ་གཅིག་ནང་གི་སྐྱོ་ཤོས་སུ་སླེབས་ཀྱི་ཡོད།  དེའི་རིང་སྙིང་ཀླད་ཁྲག་རྩའི་ནད་དང་། རུས་ཚིགས་ཀྱི་ནད། དབུགས་ལམ་གྱི་ནད་སོགས་ཐོན་སླ་བས། དགུ་འདྲེན་རིང་ང་ཚོས་བྱ་བ་འདི་དག་བྱ་མི་རུང་།
         མལ་ལས་ལམ་སེང་ལང་བ།
         སྙིང་ཀླད་ཁྲག་རྩའི་ནད་ཞོགས་པ་མང་ཤོས་ན་གི་ཡོད་པས། ཞོགས་པ་གཉིད་ལས་སད་མ་ཐག ལམ་སེང་ལང་རྒྱུ་མེད་པར་སྐར་མ་ཁ་ཤས་ནས་ལང་དགོས།

         སྐེ་དཀྲིས་ཀྱིས་ཁ་དང་སྣ་གཏུམ་པ།
         དེ་ཡང་། སྐེ་དཀྲིས་ནི་ཡང་ཡང་འཁྲུད་ལོང་ཡོང་གི་མེད་པས། དེར་ཐལ་བ་དང་ནད་འབུ་ཕྲ་མོ་སོགས་མང་པོ་ཡོད། གལ་ཏེ་སྐེ་དཀྲིས་ཀྱིས་ཁ་དང་སྣ་སོགས་བཏུམས་ཚེ། དབུགས་ལམ་གྱི་ནད་སློང་བའི་རྒྱུར་འགྱུར་ཉེན་ཡོད།

         ཞོགས་པ་སྔ་པོ་ནས་ལུས་སྦྱོང་བྱེད་པ།
         དགུན་ཁ་ཞོགས་པ་གནམ་གཤིས་གྲང་བས། སྙིང་ཀླད་ཁྲག་རྩའི་ནད་མང་པོ་ན་བ་མ་ཟད། རྩྭ་དང་རྩི་ཤིང་ལ་ཐལ་བ་སོགས་སྦགས་བཙོག་དངོས་པོ་མང་པོ་བསགས་ཡོད་པས། ཞོགས་པ་སྔ་པོ་ནས་ལུས་སྦྱོང་དུ་ཕེབས་རྒྱུ་མེད། དེ་ལྟར་མིན་ན། དབུགས་ལམ་གྱི་ནད་ཕོག་ཉེན་ཡོད། རབ་བྱུང་ན། ཕྱི་དྲོའི་ཆུ་ཚོད་གསུམ་པ་དང་བཞི་པའི་གཡས་གཡོན་དུ་ལུས་སྦྱོང་བྱེད་དགོས་ཤིང་། དེ་ཡང་རྒྱུག་ཤར་གློད་ན་མགྱོགས་པོ་གློད་རྒྱུ་མེད་པ་དང་། གོམ་པ་སྤོས་ནས་ཕེབས་ཚེ་མགྱོགས་ཙམ་འགྲོ་དགོས།   ཞོར་དུ་ཞུ་རྒྱུར། ལུས་སྦྱོང་མ་བྱས་གོང་། སྒུལ་སྐྱོད་སྐར་མ་20གཏོང་དགོས་པ་དང་། ལུས་སྦྱོང་བྱས་རྗེས་རྔུལ་ནག་མ་ཐོན་པ་བྱེད་དགོས།

         གློག་གདན་འདིང་བ
         དགུན་དུས་དགོང་མོ་ཉལ་དུས་མི་མང་པོ་གློག་གདན་འདིང་བར་དགའ་པོ་ཡོད། གལ་ཏེ་དུས་ཡུན་རིང་པོ་སོང་ཚེ་འཚིག་ཉེན་ཡོད་ལ། ལྷག་པར་དུ་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་ཚོར་སྣང་ཞན་པས་འཚིགས་མིན་ཧ་གོ་གི་མེད། དེར་བརྟེན། ཡག་ཤོས་བྱུང་ན། གློག་གདན་མ་ཉལ་གོང་སྤར་ནས་ཉལ་རྗེས་བསད་ན་ལེགས་སོ།

         སྒོ་དང་སྒེའུ་ཁུང་རྦད་དེ་བརྒྱབ་ནས་འཇོག་པ།
         གལ་ཏེ་དགུན་དུས་སྒོ་དང་སྒེའུ་ཁུང་རྦད་དེ་བརྒྱབ་ནས་བཞག་ན། ཁ་སྐེམ་པ་དང་མིད་པ་ན་བ་སོགས་ཚ་དྲོད་རྒྱས་པའི་རྟགས་ཐོན་སྲིད། ཉིན་ལྟར་དུས་བཀག་ལྟར་སྒོ་དང་སྒེའུ་ཁུང་འབྱེད་དགོས། ཞོགས་པ་དང་། ཉིན་དགུང་། དགོང་མོ་བཅས་སུ་སྐར་མ་20ཕྱེ་ན་ལེགས་པོ་ཡོད།

         ཆུ་དུས་ཐོག་ཏུ་མི་འཐུང་བ།
         གནམ་གཤིས་ཇི་ཙམ་གྲང་རུང་། དེ་ཙམ་གྱིས་ཆུ་མང་ཙམ་འཐུང་དགོས།  གལ་ཏེ་གཅིན་པ་གཏོང་བར་འགྲོ་བར་འཚེར་སྣང་སོགས་བྱས་ནས་ཆུ་མང་པོ་མ་བཏུངས་ཚེ། ཁྲག་གར་དུ་ཕྱིན་ནས། སྙིང་ཀླད་ཁྲག་རྩའི་ནད་ཐོན་པའི་ཉེན་ཁ་ཡོད། 

         ཆུ་ཚ་རྐྱང་གིས་གཟུགས་པོ་འཁྲུ་བ།
         གལ་ཏེ་ཆུ་ཚ་རྐྱང་གིས་གཟུགས་པོ་བཀྲུས་ན། ཁྲག་རྩ་མངོན་གསལ་དོད་པོས་སྦོམ་དུ་འགྲོ་སྲིད་ལ། ལུས་པོའི་ཁྲག་མང་པོ་པགས་པར་རྒྱུག་སྲིད་པས། སྙིང་ལ་ཁྲག་དང་གསོ་རླུང་མི་འདེང་བར་འགྱུར་སྲིད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1