གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༢ཉིན།

རྨེ་ཆུ་ཡུལ་ཚོའི་ཐུན་མོང་དཔལ་འབྱོར་གྱིས་སྡེ་མི་ཚོར་ཕན་བཏགས།

    ཟླ་12ཚེས་16ཉིན། རྨེ་ཆུ་ཡུལ་ཚོ་བོ་ཚང་གྲོང་སྡེའི་ལུག་གསོ་མཉམ་ལས་ཁང་གིས་2020ལོའི་ལོ་འཁོར་གྱི་ཁེ་སྤོགས་བགོ་བའི་བྱེད་སྒོ་ཐེངས་ལྔ་བ་སྤེལ་ཞིང་། མང་ཚོགས་240ལྷག་ཐེངས་འདིའི་བྱེད་སྒོར་ཞུགས། 
    བྱེད་སྒོ་ལས་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་དང་འགྲོ་སོང་གི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཤེས་གསལ་ལྟར་ན་2020ལོར། བོ་ཚང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་8ཡོད་ཅིང་། དེ་ལས་སྒོར་53000རིན་གྱི་འབྲས་དང་ཕྱེ། སྣུམ་སོགས་ཉོས་ནས་ཁྱིམ་ཚང་91དང་མང་ཚོགས་447ལ་ཕན་བཏགས།
    དེའི་འཕྲོར། རྨེ་ཆུ་ཡུལ་ཚོ་ཏང་ཨུའི་འགན་ཁུར་བས་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་སྐོར། རིམས་འགོག་དང་ཚོད་འཛིན་གྱི་སྐོར། དབུལ་བྲལ་གནད་སྒྲོལ་གྱི་སྐོར་སོགས་སྒྲོག་འགྲེལ་བྱས་པར་མ་ཟད། གྲོང་སྡེ་སོ་སོའི་ཀྲི་པུའུ་ཡིས་སྣེ་ཁྲིད་ཀྱི་ནུས་པ་ཤུགས་བསྣན་ནས་མུ་མཐུད་དུ་གྲོང་གསེབ་དར་རྒྱས་སུ་གཏོང་དགོས་པ་དང་། ཐུན་མོང་དཔལ་འབྱོར་སྟོབས་ཆེར་བཏང་ནས་མང་ཚོགས་འབྱོར་ཕྱུག་གི་ཕྱོགས་སུ་ཁྲིད་དགོས་པར་བསྟན། 

    ཁེ་སྤོགས་བགོ་བའི་བྱེད་སྒོ་མཇུག་བསྒྲིལ་རྗེས། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་སྡེ་མི་རྩ་འཛུགས་བྱས་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་དཔེ་སྟོན་འབྲོག་རའི་གསོ་ཚགས་གཞི་ཁྱོན་དང་དོ་དམ་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་དང་། མང་ཚོགས་ཀྱི་གནས་ཚུལ་ཤེས་པར་སྔར་བས་འགན་ལེན་བྱས་སོ།། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1