ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱ་བཀོད་ནས་གསར་དུ་བཟོ་བཅོས་བྱས་པའི《དམག་དཔུང་གི་ཚད་འཇལ་སྲོལ་ཡིག》ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-22


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱ་བཀོད་དེ། གསར་དུ་བཟོ་བཅོས་བྱས་པའི《དམག་དཔུང་གི་ཚད་འཇལ་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། 2021ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
        《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱིའི་དོ་དམ་དང་།  གཡུལ་འགྱེད་ས་ཁུལ་གྱི་དམག་འཐབ་གཙོ་བོ། དམག་རིགས་གཙོ་འཛུགས་བཅས་ཀྱི་སྤྱིའི་རྩ་དོན་ལྟར། མཉམ་འབྲེལ་གྱིས་དམག་འཐབ་ཀྱི་ཚད་འཇལ་འགན་སྲུང་གི་བླང་བྱར་དམིགས་ཏེ། དམག་དཔུང་གི་ཚད་འཇལ་འཛུགས་སྐྲུན་དང་འགན་སྲུང་གི་ཁྱད་ཆོས་དང་ཆོས་ཉིད་ལ་གཞིགས་ནས། གནད་སྨིན་འཐུས་ཚང་གི་ཉམས་མྱོང་དང་བྱེད་ཐབས་རྒྱུན་འཛིན་བྱ་དགོས། ལག་ལེན་གྱི་འཚོལ་ཞིབ་གྲུབ་འབྲས་བསྡུ་ལེན་བྱེད་པ་དང་། སྤྱི་ཡོངས་ལེགས་སྒྱུར་དང་། ནུས་ཆེའི་དམག་དཔུང་གི་ཚད་འཇལ་དོ་དམ་མ་ལག་དང་ལག་རྩལ་མ་ལག ལྟ་སྐུལ་ལམ་ལུགས་མ་ལག་བཅས་མཐུན་སྦྱོར་འཛུགས་སྐྲུན་བྱས་ནས། དམག་དཔུང་གི་ཚད་འཇལ་འཛུགས་སྐྲུན་གྱི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོའི་ལས་དོན་འཁོར་སྐྱོད་ཚད་ལྡན་དུ་གཏོང་དགོས།
        《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ9དང་དོན་ཚན44ཡོད་པ་དང་། དམག་དཔུང་གི་ཚད་འཇལ་ལས་ཀའི་ལས་འགན་གཙོ་བོ་དང་། གཞི་རྩའི་རྩ་དོན། དོ་དམ་ལས་བགོས་སོགས་ཁ་གསལ་བཟོས་ཏེ་འཁོར་སྐྱོད་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ་གསལ་བཤད་བྱས་ཤིང་། དམག་དཔུང་གི་ཚད་འཇལ་ལས་ཀ་དེ་སྒྲིག་སྲོལ་གསར་པའི་འོག་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས་ཡོད། དམག་དཔུང་གི་ཚད་འཇལ་ལག་རྩལ་ལས་ཁུངས་དང་། ཚད་འཇལ་ཚད་གཞི། ཚད་འཇལ་དཔྱད་ཞིབ་གཏན་ཁེལ་མི་སྣ། ཚད་འཇལ་ལག་རྩལ་གྱི་ཚད་གཞི་འཛུགས་སྐྲུན་དང་དོ་དམ་འཐུས་ཚང་དུ་གཏོང་དགོས་པ་དང་། དམག་དཔུང་གིས་ས་གནས་ཀྱི་ཚད་འཇལ་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་ཚད་ལྡན་དུ་བཏང་སྟེ། དམག་དཔུང་གི་ཚད་འཇལ་ལག་རྩལ་མ་ལག་ཁྱོན་ཡོངས་ནས་བསྐྱར་འཛུགས་བྱེད་དགོས། དམག་དཔུང་གི་ཚད་འཇལ་འགན་སྲུང་རྩ་འཛུགས་ལག་བསྟར་བྱེད་ཐབས་ཚད་ལྡན་དུ་གཏོང་བ་དང་། ཚད་འཇལ་དུས་འཁོར་དཔྱད་ཞིབ་གཏན་ཁེལ་དང་། འགན་སྲུང་དཀར་ཆག  འགན་སྲུང་མ་དཔེ་བཅས་གཏན་འབེབས་དང་། ལྟ་སྐུལ་དོ་དམ་གྱི་བླང་བྱ་ཁ་གསལ་བཟོ་དགོས་ལ། དམག་དཔུང་གི་རིམ་པ་སོ་སོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པའི་ལྟ་སྐུལ་དོ་དམ་བྱེད་སྟངས་འཛུགས་པ་དང་། དམག་དཔུང་གི་དམག་གྲབས་གཡུལ་འགྱེད་ཀྱི་ཚད་འཇལ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1