ཀྲུང་གོའི་མཚོ་བོད་མཐོ་སྒང་གི་ཞིབ་འཇུག་ལྷན་ཚོགས་ཀྱིས་སྐབས་བཞི་པའི་གཞོན་ནུ་ཚན་རིག་མཁས་ཅན་གྱི་གླེང་སྟེགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-23



            ཟླ12པའི་ཚེས19ཉིན་ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་ཀྱིས་ཀྲུང་གོའི་ཚན་རིག་ཁང་ཀ་ཏ་མན་རྡུ(加德满都)ཚན་རིག་སློབ་གསོ་ལྟེ་གནས་དང་། གླིང་སྣེ་གསུམ་པའི་ཁོར་ཡུག་འཆར་གཞིའི(TPE)རུའེ་ཏེན་ལྟེ་གནས་ལ་མཉམ་འབྲེལ་སྒོས་སྐབས་བཞི་པའི་གཞོན་ནུ་ཚན་རིག་མཁས་ཅན་གྱི་གླེང་སྟེགས་སྒྲུབ་ཞིང་། གླེང་སྟེགས་སུ་ཇོ་མོ་གླང་མའི་ས་ཁུལ་གྱི་གནམ་གཤིས་དང་ཁོར་ཡུག་འགྱུར་ལྡོག་ལ་དམིགས་ཏེ་བརྗོད་དོན་སྙན་ཞུ་དང་སྒོར་རའི་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་རིག་གཞུང་ཚན་ཁག་ཕན་ཚུན་གྲོས་བསྡུར་གནང་བ་རེད། ཀྲུང་གོ་དང་། ཨ་རི། ཧོ་ལན། སུའེ་ཏེན། ནེ་པ་ལ་སོགས་རྒྱལ་ཁབ་ནས་ཡོང་བའི་གཞོན་ནུ་ཚན་རིག་མཁས་ཅན80ལྷག་ཙམ་དྲ་ཐོག་དང་དྲ་ཕྱིའི་རྣམ་པའི་ཐོག་ནས་ཚོགས་འདུར་ཞུགས་ཡོད།

ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཀྲུང་གོའི་ཚན་རིག་གླིང་གི་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་དབྱང་ཅན་གྱིས་ཤིས་ཚིག་གསུངས་བཞིན་པ།
            ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཀྲུང་གོའི་ཚན་རིག་གླིང་གི་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་དབྱང་ཅན་གྱིས“གླིང་སྣེ་གསུམ་པའི་ས་ཁུལ་གྱི་ན་གཞོན་མཁས་དབང་དང་དེ་བཞིན་གླིང་སྣེ་གསུམ་པའི་་ས་ཁོངས་ཞིབ་འཇུག་བྱེད་མཁན་ན་གཞོན་མཁས་པ་རྣམས་ཀྱིས་ཕན་ཚུན་ཟུང་འབྲེལ་གྱིས་གླེང་མོལ་བྱེད་པའི་གོ་སྐབས་སྔར་ལས་མང་བ་ལྡན་ཆེད། ན་གཞོན་ཚན་རིག་མཁས་ཅན་བར་བསམ་བློ་བརྗེ་རེས་བྱེད་པའི་རྒྱལ་སྤྱིའི་ལས་སྟེགས་འདི་ཉིད་བསྐྲུན་ནས་འཛམ་གླིང་གླིང་སྣེ་གསུམ་པའི་ས་ཁུལ་གྱི་ཁོར་ཡུག་ཞིབ་འཇུག་ཐད་ཀྱི་ཚན་རིག་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་ད་ཐེངས་ཀྱི་གཞོན་ནུ་ཚན་རིག་མཁས་ཅན་གྱི་གླེང་སྟེགས་འདི་གཉེར་བ་ཡིན།”ཞེས་གསུངས།
            ཨ་རིའི་ནེ་ཧྭ་ཏ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཚའོ་ཝུན་རུང་གིས་བརྗོད་དོན་སྙན་ཞུའི་ནང་བོད་ལྗོངས་ཀྱི་གངས་ཏི་སེ་བྲག་གཞིའི་ས་ཤུན་གཤགས་པའི་བརྒྱུད་རིམ་དང་དེའི་ལམ་སྲོལ་མཚམས་སྦྱོར་གནང་ཞིང་། ཧོ་ལན་ཝུའུ་ཏེ་ལེ་ཀྲི་སློབ་ཆེན་གྱི་འབུམ་རམས་པ་ཕྱི་ཚར་ཧྥེ་ལི་ཕུའུ་ཁེ་ལའེ་ཨེན་པུའུ་རིན་ཁེས(PhilipKraijenbrink)གནམ་གཤིས་འགྱུར་ལྡོག་ལས་འཛམ་གླིང་གླིང་སྣེ་གསུམ་པའི་འཁྱགས་ཁུལ་ལ་ཐེབས་པའི་ཤུགས་རྐྱེན་མཚམས་སྦྱོར་གནང་། ཀྲུང་གོའི་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་སོའོ་ཡི་མཐོ་གྲང་སྐྱེ་ཁམས་སྐོར་གྱི་གཙོ་གནད་ཚོད་ལྟ་ཁང་གི་ཧྲ་ལི་ཁེ་ལ་མུའུ་སིས་ཀེ་ཏེར(Shalik Ram Sigdel)གྱིས་གནམ་གཤིས་དྲོ་རུ་ཕྱིན་པའི་གནས་ཚུལ་འོག་ཧི་མ་ལ་ཡའི་ས་རིས་འགྱུར་ལྡོག་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་སྙན་ཞུ་ཕུལ་བ་རེད།
            ཀྲུང་གོའི་ཚན་རིག་གླིང་མཚོ་བོད་མཐོ་སྒང་གི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་མ་ཝུའེ་ཆང་གིས་ཇོ་མོ་གླང་མའི་ལྟ་ཞིབ་ཚད་འཇལ་ས་ཚིགས་ཀྱི་གནས་ཚུལ་མཚམས་སྦྱོར་གནང་སྐབས། “ང་ཚོའི་འབྲེལ་ཡོད་ཞིབ་འཇུག་་གིས་དེ་སྔའི་དཀའ་གནད་གྲོལ་ནས་ས་མཐོའི་རླུང་ཁམས་ཆེན་མོའི་མཐའ་མཚམས་བང་རིམ་ཆགས་པའི་བརྒྱུད་རིམ་གྱིས་རླུང་ཁམས་ཆེན་མོའི་འཁོར་རྒྱུག་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ལ་ཞིབ་འཇུག་བྱ་རྒྱུར་ཞིབ་ཅིང་ཕྲ་བ་དང་། ཚུལ་དང་མཐུན་པ། ཡང་དག་པ་བཅས་ཀྱི་ལྟ་དཔྱད་ཚད་འཇལ་གྱི་གཞི་འཛིན་ས་མཁོ་འདོན་བྱས་པས། རང་རྒྱལ་གྱི་ས་མཐོའི་རླུང་ཁམས་ཆེན་མོའི་མཐའ་མཚམས་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རིག་གཞུང་གི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཡོད”ཅེས་བཤད།
            གླིང་སྣེ་གསུམ་པའི་ཁོར་ཡུག་འཆར་གཞིའི(TPE)རུའེ་ཏེན་གྱི་ལྟེ་གནས་དང་རུའེ་ཏེན་གྱི་ཀོ་ཏེ་པའོ(哥德堡)སློབ་ཆེན་གྱི་འབུམ་རམས་པ་ཨོའུ་ཐིང་ཧའེ(欧廷海)ཡིས་མཐོ་རིམ་སྒོར་རའི་གྲོས་ཚོགས་ལ་གཙོ་སྐྱོང་གནང་ཞིང་། ཚོགས་ཞུགས་ན་གཞོན་ཚན་རིག་མཁས་ཅན་གྱིས་གནམ་གཤིས་འགྱུར་ལྡོག་ལས་མཚོ་བོད་མཐོ་སྒང་གི་སྔོ་ཁེབས་ལ་ཐེབས་པའི་ཤུགས་རྐྱེན་དང་། མཚོ་བོད་མཐོ་སྒང་གི་ཐཱན་འདུས་ཚད། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག དེས་བཞུར་རྒྱུག་དང་འཁྱག་རོམ་ལ་ཐེབས་པའི་ཤུགས་རྐྱེན། མཚོ་བོད་མཐོ་སྒང་དང་ལྷོ་བྱང་སྣེ་གཉིས་ཀྱི་གནམ་གཤིས་རིང་བརྒྱུད་ཀྱི་འབྲེལ་བ། མཚོ་བོད་མཐོ་སྒང་གི་ས་ངོས་དང་རླུང་ཁམས་ཆེན་མོའི་དབར་ཕན་ཚུན་ནུས་པ་ཐོན་པ་སོགས་བརྗོད་གཞིར་དམིགས་ནས་གྲོས་བསྡུར་བྱས་ཏེ་དྲ་ཐོག་དང་དྲ་ཕྱིའི་ཟུང་འབྲེལ་ལ་འཁྲུག་ཆ་དོད་པོ་བྱུང་། 
            བྱང་སྣེ་དང་ལྷོ་སྣེ་ཕུད། མཚོ་བོད་མཐོ་སྒང་ལྟེ་བར་བྱས་པའི་གླིང་སྣེ་གསུམ་པའི་ཁོར་ཡུག་འགྱུར་ལྡོག་ལ་རིག་གཞུང་གི་སྡེ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་སྔར་བས་ཆེན་པོ་ཐོབ་ནས་ན་གཞོན་ཚན་རིག་མཁས་ཅན་སྔར་བས་མང་བ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་ཞིབ་སྟོབས་ཤུགས་སུ་གྱུར་ཡོད། ཀྲུང་གོའི་མཚོ་བོད་མཐོ་སྒང་གི་ཞིབ་འཇུག་ལྷན་ཚོགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ནི་མཚོ་བོད་མཐོ་སྒང་གི་ཚན་རིག་ཞིབ་འཇུག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ན་གཞོན་ཚན་ཞིབ་མི་སྣ་འཚར་ལོངས་ཡོང་རྒྱུར་རྒྱབ་སྐྱོར་དང་སྐུལ་མ་གཏོང་རྒྱུ་དེ་རེད། ཞིབ་འཇུག་ལྷན་ཚོགས་ཀྱིས་ན་གཞོན་ཚན་རིག་མཁས་ཅན་གྱི་གླེང་སྟེགས་ཧུར་ཐག་གིས་ལོ་ལྟར་གཉེར་བའི་རིག་གཞུང་ཚོགས་འདུའི་འཆར་གཞིའི་ནང་བཅུག་ཡོད། འདས་ཟིན་པའི་ལོ་གསུམ་གྱི་རིང་ཞིབ་འཇུག་ལྷན་ཚོགས་ཀྱིས་སྔ་རྗེས་སུ་ཁུན་མིང་དང་། ཉིང་ཁྲི། པེ་ཅིང་བཅས་སུ“གླིང་སྣེ་གསུམ་པའི་ཞིབ་འཇུག་ཁྲོད་ཀྱི་གོ་སྐབས་དང་། འགན་འཁྲི། འགན་ཁུར་བ”སོགས་བརྗོད་དོན་གཙོ་བོར་བྱས་པའི་སྐབས་གསུམ་པའི་ན་གཞོན་ཚན་རིག་མཁས་ཅན་གྱི་གླེང་སྟེགས་འཚོགས་པར་རྒྱ་ཆེའི་ན་གཞོན་ཚན་རིག་མཁས་པ་ཚོས་དང་ལེན་བྱས་ཏེ་ཚོགས་འདུར་ཧུར་ཐག་གིས་ཞུགས་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1