༄༅། །ས་མཐའི་མཚོ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-17


    ས་མཐའ་ནི་ལས་ཀྱིས་བསྐོས་པའི་གནས་ཚང་ཞིག་དང་འདྲ་ལ། ས་མཐའ་ནི་ཕུགས་འདུན་སྒྲུབ་སའི་ཁོར་ཡུག་ཅིག་དང་མཚུངས་པས། ཕ་ས་ཕ་ཡུལ་དང་ཁ་བྲལ་བའི་ཡུལ་གྱར་བ་ཚོས། ས་མཐའི་ངན་ངོན་གྱི་འཚོ་བའི་ཁྲོད། རང་ཉིད་ཀྱི་སེམས་ཤུགས་མེ་རུ་སྦར་བཞིན་ཡོད། ས་མཐའི་འཚོ་བ་ལ་སྐྱིད་སྣང་མེད་ཀྱང༌། ས་མཐའ་ལ་འོངས་བ་ནས་བཟུང༌། སེམས་པའི་ཡོལ་རས་ཀྱི་ངོས་སུ། བདེ་དྲོད་ཀྱི་ཚོར་བ་ཞིག་འཁྱིལ་ནས་ཡོང་བ་ལས། སུ་ཞིག་གིས་བསྐུལ་བའི་འཇིགས་སྣང་ཡོད་ཚད།འཇའ་ཚོན་བཞིན། རྒྱང་ནས་རྒྱང་དུ་ཡལ།

    ས་མཐའ་ནི་དེ་སྔོན་རྒྱུས་མངའ་མེད་པ་ཞིག་ཡིན་ནའང༌། ས་མཐའི་འཚོ་བ་ལ་དངོས་སུ་ཞུགས་པ་ནས་བཟུང༌། ཕྲག་སྟེང་ན་རི་རབ་ལས་ལྕི་བའི་འགན་འཁྲི་ཡོད་པ་རྟོགས་ལ། སེམས་ཁོང་ན་རྒས་རྒྱུ་མེད་པའི་རྨི་ལམ་ཡོད་པ་ཚོར། འགན་འཁྲི་འདི་དང་རྨི་ལམ་འདི་དག་བསམ་ན། ས་མཐའ་ནས། ང་ལ་གཉིད་མི་འོངས་ལ། ས་མཐའ་ནས། ངའི་སེམས་མི་བདེ།

    ས་མཐར་མ་སླེབས་པའི་ཡར་སྔོན་དུ། ས་མཐའ་ནི།ལྷའི་ཕོ་བྲང་བཞིན། ཟས་རང་གྲུབ་དང་གོས་རང་གྲུབ་ཡིན་པ་ཐོས་ལ། ས་མཐའ་ནི། ཀླུའི་བང་མཛོད་བཞིན། མཛད་མཐའ་མེད་པའི་ནོར་ལ་ལོངས་སྤྱོད་བྱེད་ས་ཞིག་ཏུ་སྙམ།ཁུར་གྱིས་རྒས་འགྲོ། ནམ་ཞིག་ཡུལ་གྱར་བ་སྤྱིའི་དམིགས་ཡུལ་བཞིན། འཛམ་གླིང་ཧྲིལ་པོ། སའི་གོ་ལའི་ཁྱིམ་གཞི་ཆེན་པོ་ཞིག་ཏུ་གྱུར་ན། ས་མཐའ་ཞེས་པའི་མིང་དེ་འཇིག་འགྲོ་ལ། ཡུལ་གྱར་བ། གང་ལ་སོང་རུང་ཕ་ཡུལ་ཡོད།

    ས་མཐར་སླེབས་དུས། ས་མཐའ་ནི་རྣ་ཐོས་སུ་གྱུར་བའི་གཏམ་རྒྱུད་དེ་དག་དང་གཏན་ནས་མི་འདྲ་ལ། ས་མཐའ་ནི་ངས་བསམས་མྱངས་པའི་འཁྲུལ་སྣང་དེ་དག་དང་ཁྱོན་ནས་མི་མཚུངས། ས་མཐའ་ནི། བྲང་ཁོག་ན་མེ་རི་བཞིན་འཕྱུར་བཞིན་པའི་རེ་བ་ཞིག་བསྒྲུབ་ས་རེད་འདུག ས་མཐའ་ནི། ཡུན་རིང་སེམས་ལ་བརྣག་པའི་རྨ་ཁ་ཞིག་གསོ་ས་རེད་འདུག

    ས་མཐའི་འཚོ་བ་ནི། ཕ་ཡུལ་གྱི་འཚོ་བ་དང་གཏན་ནས་མི་འདྲ་ལ། ས་མཐའི་དུས་ཚོད་ཀྱང་ཕ་ཡུལ་གྱི་དུས་ཚོད་དང་གང་ཡང་མི་གཅིག ས་མཐའ་ནས། བདེ་སྡུག་གི་ཚོར་བ་ཧ་ཅང་རྣོ་ལ། ས་མཐའ་ནས། དུས་ཚོད་ནི་རང་ཉིད་ཀྱི་མིག་མདུན་ནས། མངོན་སུམ་དུ་བཞུར་འགྲོ། འདི་ལྟར། ས་མཐའ་ནས་རྒས་སླ་ལ། ཤི་ཡང་མགྱོགས། ས་མཐའི་འཚོ་བ་ལ་རོལ་བ་ནས། ལུས་ངག་ཡིད་གསུམ། རེ་བཞག་དང་ཡིད་སྨོན་ཞིག་ཏུ་འཐིམས་འགྲོ་ལ།ལང་ཚོ་དང་མཛེས་ཉམས་དེའང༌། རིམ་གྱིས་རྒུད་འགྲོ།ཐ་ན་མཁུར་ཚོས་ཀྱི་དམར་མདངས་དེའང་རླུང་ཁ་ནས་ཟད་པ་ཇི་བཞིན། གང་ཞིག་ལ་ཡལ་འགྲོ། ཁ་ཤས་ཀྱིས་གནས་སྟངས་འདིར་འཁང་ར་དང་སུན་སྣང་བྱེད་བཞིན་་ཡོད་ནའང༌། ང་ལ་ང་རྒྱལ་དང་སྤོབས་པ་སྐྱེས་བཞིན་ཡོད། རྒྱུ་མཚན། འདི་ལྟར་གྱུར་བ་ནས་བཟུང༌། རང་ཉིད་ལམ་ཆེན་ཞིག་ཏུ་གོམ་པ་སྤོ་བཞིན་པ་ཤེས་ལ། ཨ་མའི་འགྲམ་གྱི་བྱིས་པ་དེ་མ་ཡིན་པར། རང་རྐྱ་འཕེར་བའི་འཚོ་བ་ཞིག་མདུན་བསུ་བྱེད་བཞིན་པ་ཚོར།

    ས་མཐའ་ན། མེད་མུག་མ་འདང་བའི་ངུ་ཁ་ཤིན་ཏུ་རྒོད་ནའང༌། དེ་དག་གི་ཟུར་ཁ་རེ་རེ་ཡིས། ང་ཚོར་ཕུགས་བསམ་དང་སྤོབས་པ་སྩོལ་གྱི་ཡོད། བླ་ན་མེད་པའི་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་ཀྱི་ཡོད། དེར་བརྟེན། ས་མཐའ་ནས། ང་ཚོ་དཔའ་ཞུམ་མི་ཉན་ལ། ས་མཐའ་ནས། ང་ཚོའི་མགོ་བོ་ཆེས་མཐོ་སར་འདེགས་དགོས། ས་མཐར་འཁྱམས་པ་ནས། ཡུལ་གྱར་བའི་ཕྱི་ནང་གསང་གསུམ་འགྱུར་འགྲོ། ས་མཐའ་འཁྱམས་པ་ནས། ཡུལ་གྱར་བ། སྐྱེ་འགྲོ་སྤྱིའི་བདེ་སྡུག་ལ་སེམས་ས་མཐའི་འཚོ་བ།

    ས་མཐར་འཁྱམས་པ་ནས། ཡུལ་གྱར་བའི་ཕྱི་ནང་གསང་གསུམ་འགྱུར་འགྲོ། ས་མཐའ་འཁྱམས་པ་ནས། ཡུལ་གྱར་བ། སྐྱེ་འགྲོ་སྤྱིའི་བདེ་སྡུག་ལ་སེམས་ས་མཐའ་ནི་དེ་སྔོན་རྒྱུས་མངའ་མེད་པ་ཞིག་ཡིན་ནའང༌། ས་མཐའི་འཚོ་བ་ལ་དངོས་སུ་ཞུགས་པ་ནས་བཟུང༌། ཕྲག་སྟེང་ན་རི་རབ་ལས་ལྕི་བའི་འགན་འཁྲི་ཡོད་པ་རྟོགས་ལ། སེམས་ཁོང་ན་རྒས་རྒྱུ་མེད་པའི་རྨི་ལམ་ཡོད་པ་ཚོར། འགན་འཁྲི་འདི་དང་རྨི་ལམ་འདི་དག་བསམ་ན། ས་མཐའ་ནས། ང་ལ་གཉིད་མི་འོངས་ལ། ས་མཐའི་ནམ་མཁའ་ནི། ཕ་ཡུལ་གྱི་ནམ་མཁའ་དང་འདྲ་ལ། ས་མཐའི་ཉི་ཟླ་སྐར་གསུམ་ཡང་ཕ་ཡུལ་གྱི་དེ་དང་ཀུན་ནས་མཚུངས། འོན་ཀྱང༌། ས་མཐའ་ན། ཚ་སོབ་སོབ་ཀྱི་ཁྱིམ་ཚང་མེད་ལ། ངག་འཇམ་འཇམ་གྱི་ཕ་མའང་མེད། ས་མཐའ་ན་ཡོད་པ་ནི། དྲན་གདུང་དང་རེ་སྒུག་འབའ་ཞིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1