ཨུ་རུ་སི་དཀར་པོས་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་བྱེད་ཐབས་གསར་བར་འགོག་རྒོལ་བྱེད་ཐབས་སྤྱད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ། སྤེལ་དུས། 12-24


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་མཱ་ཁི་དབྱེ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཨུ་རུ་སི་དཀར་པོར་ཁ་གཏད་པའི་བཀག་སྡོམ་སྐོར་ཐེངས་གསུམ་པར་དམིགས་ནས། ཨུ་རུ་སི་དཀར་པོ་ཡིས་རང་གི་མངའ་ཁོངས་སུ་ཡོང་བར་གཏན་འཇགས་བྱེད་པའི་མི་སྣའི་མིང་ཐོ་ཇེ་མང་དུ་གཏོང་བ་སོགས་འགོག་རྒོལ་བྱེད་ཐབས་མི་སྤྱོད་ཐབས་མེད་རེད་ཟེར། 
        མཱ་ཁི་དབྱེ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་མཚམས་སྦྱོར་བྱས་དོན། ཨུ་རུ་སི་དཀར་པོས་ནན་ཏན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་དཀར་པོར་ཁ་གཏད་པའི་སྐོར་ཐེངས་གསུམ་པའི་བཀག་སྡོམ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། ཨུ་རུ་སི་དཀར་པོས་དེར་མཚུངས་ཀྱི་འགོག་རྒོལ་འགུལ་སྐྱོད་མི་སྤེལ་ཐབས་མེད་ཡིན། འགོག་རྒོལ་བྱེད་ཐབས་ནང་དུ་རང་གི་མངའ་ཁོངས་སུ་ཡོང་བར་གཏན་འཇགས་བྱེད་པའི་མི་སྣའི་མིང་ཐོ་ཇེ་མང་དུ་གཏོང་བ་སོགས་འདུས། ཨུ་རུ་སི་དང་ཨུ་རུ་སི་དཀར་པོར་གཅིག་མཐུན་གྱི་བཀག་སྡོམ་ལ་འགོག་རྒོལ་བྱེད་པའི་མིང་ཐོ་ཡོད་པར་བསམ་བློ་བཏང་སྟེ། ཨུ་རུ་སི་དཀར་པོ་ཡིས་བཀག་སྡོམ་ལ་འགོག་རྒོལ་བྱེད་པའི་བྱེད་ཐབས་སྤྱད་པ་ལས་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་སྒེར་རེ་འགའ་ཨུ་རུ་སི་དཀར་པོ་དང་ཨུ་རུ་སི་དཀར་པོའི་མནའ་མཐུན་རྒྱལ་ཁབ་ཏུ་འགྲོ་མི་རུང་བ་མཚོན་ཡོད་ཟེར། 
        མཱ་ཁི་དབྱེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་དཀར་པོའི་ཁེ་ལས་དང་མི་སྒེར་རེ་འགའ་བཀག་སྡོམ་མིང་ཐོའི་ནང་བཞིག་པར་གཞི་འཛིན་ས་གཏན་ནས་མེད་སྟབས། ཨུ་རུ་སིའི་ཕྱོགས་ཀྱིས་བཅའ་ཁྲིམས་འགུལ་སྐྱོད་སྤེལ་ནས་རྒོལ་ལན་སྤྲོད་ངེས་ཡིན་ཟེར། ཨུ་རུ་སི་དཀར་པོའི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་ཆབ་སྲིད་ཐེབས་རྩ་ཚོགས་པ་རེ་འགའ་ཨུ་རུ་སི་ནས་འགུལ་སྐྱོད་བྱེད་པར་བཀག་འགོག་བྱེད་རྒྱུ་ཐག་བཅད་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཨུ་རུ་སི་རུ་སྡོད་པའི་གཞུང་ཚབ་ཁང་གི་མགོག་ཁྲིད་ལས་ཁུངས་དང་ཆབ་སྲིད་ལས་ཁུངས་དང་ཆབ་སྲིད་ལས་ཁུངས་གཞན་པས་ཨུ་རུ་སི་དཀར་པོ་ནས་ཚུལ་མཐུན་མིན་པའི་མི་གཞུང་དང་སློབ་གསོ། རིག་གནས་རྣམ་གྲངས་ལ་རྩད་ཞིབ་བྱེད་རྒྱུ་ཡིན་ཟེར། །


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1