ཀྲུང་གོའི་བོད་ལྗོངས་ཀྱི་དྲ་བའི་བརྙན་གཟུགས་དུས་ཆེན་སྐབས་དང་པོའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-24


གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཡུལ་དངོས།
         ཟླ12པའི་ཚེས18ཉིན། བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་སྒྲུབ་ཁང་། རིག་གནས་ཐིང་། ཡུལ་སྐོར་འཕེལ་རྒྱས་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི“མཁའ་དབྱིངས་ཀྱི་བོད་ལྗོངས་སྟེ་ཀྲུང་གོའི་བོད་ལྗོངས་ཀྱི་དྲ་བའི་བརྙན་གཟུགས་དུས་ཆེན་སྐབས་དང་པོའི”གཟེངས་རྟགས་སྤྲོད་པའི་མཛད་སྒོ་ལྷ་སར་སྤེལ།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་བརྙན་གཟུགས་དུས་ཆེན་གྱིས“མཁའ་དབྱིངས་ཀྱི་བོད་ལྗོངསསྟེ་དུས་རབས་གསར་པར་ཐུག་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བྱེད་སྒོ་བསྡུ་རུབ་བྱེད་པའི་ནང་དོན་དུ་བརྩིས་ནས་ཡི་གེ་དང་། པར་རིས། བརྙན་ལམ་སོགས་ཀྱི་ཐོག་ནས་བོད་ལྗོངས་ཀ་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། བོད་ལྗོངས་ཀྱི་གསུང་སྒྲ་ཡག་པོ་བརྒྱུད་བསྒྲགས་བྱེད་པ། དྲ་ཐོག་རིག་གནས་ཡུལ་སྐོར་གྱི་ཚོགས་འདུ་གཟབ་རྒྱས་ངང་གཏོད་པ། དྲ་རྒྱའི་བརྙན་གཟུགས་ཀྱི་སྤུས་རྟགས་གསར་པ་གཏོད་པ་བཅས་བྱས་ནས་བོད་ལྗོངས་ལ་དགའ་ཞེན་དང་བརྙན་ཕབ་ལ་དགའ་པོ་བྱེད་པའི་དྲ་དམངས་ཀྱི་ལྟ་སྟངས་ཐོག  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དུས་རབས་ཀྱི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པ་བྱས་ཏེ་བོད་ལྗོངས་ཀྱི་དྲ་རྒྱའི་གཟུགས་བརྙན་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཡུལ་དངོས་རེད།

གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཡུལ་དངོས།
         དྲ་ལམ་ནས་འདེམས་ཤོག་འཕེན་པ་དང་ཆེད་མཁས་ཀྱིས་དཔྱད་ཞིབ་གནང་བ། གཞུང་དཔང་མི་སྣས་ཡུལ་དངོས་གཞུང་དཔང་བྱས་པ་བཅས་བརྒྱུད། འགྲན་ཞུགས་ནང་ཚུད་པའི་བརྩམས་ཆོས58ཁྲོད་པར་ལེན་དང་བརྙན་ཐུང་སྡེ་སོ་སོ་ནས་གསེར་གྱི་རྟགས་མ་ཐོབ་པའི་བརྩམས་ཆོས2དང་། དངུལ་གྱི་རྟགས་མ་ཐོབ་པའི་བརྩམས་ཆོས4  ཟངས་ཀྱི་རྟགས་མ་ཐོབ་པའི་བརྩམས་ཆོས6  ཕུལ་བྱུང་བརྩམས་ཆོས17བཅས་བདམས་ཐོན་བྱུང་ཞིང་། བརྩམས་ཆོས་ཡོད་ཚད་ལྷ་ས་གྲོང་ཁུལ་དང་གནམ་ཐང་། མེ་འཁོར་ས་ཚིགས་སོགས་ཀྱི་LEDབརྙན་ཡོལ་ཆེན་མོའི་སྟེང་རེས་མོས་ངང་འགྲེམས་སྟོན་བྱ་རྒྱུ་དང་། གཟེངས་རྟགས་ཐོབ་པའི་བརྩམས་ཆོས་དང་ཕུལ་བྱུང་བརྩམས་ཆོས་དག་བསྡུ་སྒྲིག་བྱས་ནས་དེབ་ཏུ་པར་སྐྲུན་བྱ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་འཕྲིན་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བས།  བྱེད་སྒོ་འགོ་ཚུགས་ཚུན་ནས་བཟུང་། རྒྱ་ཆེའི་བརྙན་གཟུགས་ལ་དགའ་མོས་ཅན་དག་གི་རྒྱབ་སྐྱོར་ཤུགས་ཆེན་འོག  རྩ་འཛུགས་ཨུ་ལྷན་ལ་སྤུས་ཚད་བཟང་པའི་བརྩམས་ཆོས་ཁྱོན་ཁྲི2ལྷག་འབྱོར་ཞིང་། བྱེད་སྒོར་དྲ་ལམ་གྱི་ལྟ་ཀློག་བྱེད་ཚད་ཐེངས་གྲངས་ཁྲི6000ལྷག་ཙམ་ཟིན་ནས་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ནང་ཁུལ་གྱི་བརྙན་གཟུགས་རིགས་ཀྱི་འགྲན་བསྡུར་གྱི་ཤུགས་རྐྱེན་མཐོ་ཚད་གསར་པར་སླེབས་ཡོད་ཅེས་ངོ་སྤྲོད་བྱས།

གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཡུལ་དངོས།
         ད་ལོའི་དུས་ཚིགས་སྔོན་མ་གསུམ་རིང་།   བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ཁྱོན་མི་གྲངས་ཁྲི3201སྣེ་ལེན་བྱས་ཤིང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར334.9ཟིན་ཡོད། 2020ལོའི་ཟླ5པ་ནས་བཟུང་། བོད་ལྗོངས་ཀྱི་ཡུལ་སྐོར་ནི་རྒྱལ་ཡོངས་ཀྱི་སྔོན་ལ་དྲང་ཕྱོགས་སུ་འཕར་ཞིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་འཕར་ཚད27%ཟིན་ཡོད།
         བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད།  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་འཕྲིན་གཞུང་སྒྲུབ་ཁང་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག“ཀྲུང་གོའི་བོད་ལྗོངས་ཀྱི་དྲ་བའི་བརྙན་གཟུགས”མིང་རྟགས་བསྐྲུན་པ་ཡིན་ལ། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་ཁུར་བས “ང་ཚོས་དྲ་བའི་བརྙན་གཟུགས་དུས་ཆེན་གྱི་དྲ་བའི་དྲིལ་སྒྲོག་གི་མིང་རྟགས་གསར་པ་འདི་བརྒྱུད། དྲ་ལམ་རིག་གནས་ཡུལ་སྐོར་གྱི་དགྱེས་སྟོན་གསར་པས་ནུས་པ་སྔར་ལས་ལྷག་པ་བཏོན་ཏེ། ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྒྲིག་གཞི་གསར་པ་གཏོད་ཡོད”ཅེས་བསྟན་བྱུང་།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1