གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༤ཉིན།

བྲག་མགོ་རྫོང་དུ་པད་ཁའི་འབྲུ་ཉོ་ཚོང་བྱེད་མགོ་བརྩམས།

        དབུལ་ཐར་འབྱོར་འབྲིང་གི་པད་ཁའི་ཐོན་ལས་འཛུགས་སྐྲུན་ཇུས་གཞི་དང་བསྟུན་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་གཏང་ཆེད།སྤྱི་ཟླ12པའི་ཟླ་སྟོད་ནས་བཟུང་བྲག་མགོ་རྫོང་གིས་ཡུལ་ཤོག་དང་གྲོང་རྡལ་འགའ་ལ་པད་ཁའི་འབྲུ་ཉོ་ཚོང་བྱེད་མགོ་བརྩམས་ཡོད་པ་རེད།
        སྲིབ་མོ་གྲོང་རྡལ་གྱི་པད་ཁའི་འབྲུ་ཉོ་ཚོང་བྱེད་སའི་ཡུལ་དངོས་སུ།མི་སེར་ཚོས་རིམ་བཞིན་རང་ཉིད་ཀྱི་པད་ཁའི་འབྲུ་ཁུག་མའི་ནང་དུ་བླུགས་ནས་འདྲུད་འཐེན་འཕྲུལ་འཁོར་དང་རླངས་འཁོར་ཆུང་ཆུང་གིས་ཉོ་ཚོང་གི་ཡུལ་དངོས་སུ་འདྲེན་ཡོང་བ་རེད།ཉོ་ཚོང་བྱེད་སའི་ཡུལ་དངོས་སུ། མི་ཚོགས་ཧ་ཅང་མང་བས།འུར་ཟིང་ཟིང་བྱས་ཏེ་མང་ཚོགས་རྣམས་ཀྱི་ངོ་གདོང་ལ་སྤྲོ་སྐྱིད་ཀྱི་འཛུམ་མདངས་ཤར། ཉོ་ཚོང་གི་ཡུལ་དངོས་སུ་སྲིབ་མོ་གྲོང་རྡལ་གྱི་མི་སེར་ཞིག་གིས་སེམས་འགུལ་ཐེབས་པའི་སྒོ་ནས་གསར་འགོད་པར་བཤད་རྒྱུར་སྲིད་གཞུང་གིས་ང་ཚོ་ལ་པད་ཁ་རྨོ་འདེབས་བྱེད་དུ་བཅུག་པས།ང་རང་ཚོས་རང་གི་སྒོ་ཁ་ནས་པད་ཁ་རྨོ་འདེབས་བྱས་པས།ད་ལྟ་རྒྱ་མ་གང་ལ་དམངས་སྒོར་ལྔ་སྤྲད་ནས་ཉོ་ཚོང་བྱེད་ཆོག་པས།ང་ཚོར་ཡོང་སྒོ་ཡོད་པས་སེམས་ཧ་ཅང་དགའ་བྱུང་། བཀའ་དྲིན་ཆེ་ཞུ་བ་ཡིན་ཞེས་བཤད་པ་རེད།
        རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་པད་ཁའི་འབྲུ་ཉོ་ཚོང་གི་ཁྱབ་ཁོངས་ནི2019ལོའི་གཞི་མདའ་ཡུལ་ཤོག་དང་། སྲིབ་མོ་གྲོང་རྡལ།ཉིན་མོ་ཡུལ་ཤོག། ཤིས་མདོ་གྲོང་རྡལ།སྙི་པ་ཡུལ་ཤོག་སོགས་ཡུལ་ཤོག་གསུམ་དང་གྲོང་རྡལ་གཉིས་ཀྱི་སྤྱི་ལེ་བརྒྱའི་པད་ཁ་ཐོན་ལས་གྱི་པད་ཁ་རྨོ་འདེབས་སྡེ་བ་དང་རྨོ་འདེབས་དུད་ཚང་སོགས་ཡིན།ཁྲོམ་རའི་གོང་ཚད་ཐོག་ལ་བྱ་དགའ་དང་ཁ་གསབ་སྣོན་བའི་ཚད་གཞི་ལ་བརྟེན་ནས།རྒྱ་མ་གང་ལ་དམངས་སྒོར་ལྔ་ཡི་གོང་ཚད་ཀྱིས་ཉོ་ཚོང་བྱེད་པ་དང་།ཞིང་དུད་ཀྱི་མིང་ཐོ་ལ་མིང་རྟགས་འགོད་རྗེས་གཅིག་གྱུར་གྱིས་ཞིང་དུད་ཀྱི་འདོན་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་ཐོག་ལ་དངུལ་སྤྲོད་པ་རེད།ཉོ་ཚོང་གི་ཡུལ་དངོས་སུ།ཉོ་ཚོང་བྱས་ཟིན་པའི་པད་ཁའི་འབྲུའི་ཁུག་མའི་ཐོག་ཏུ་རེ་རེ་བཞིན་རྟགས་བརྒྱབ་ནས་མཛོད་དུ་བཅུག་པ་རེད།གསར་འགོད་པས་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལོའོ་ཡོང་སྲིང་ལ་བཅར་འདྲི་བྱེད་དུས་ཁོས་བཤད་རྒྱུར།ང་ཚོ་ཞིང་འབྲོག་ལས་ཁུངས་ཀྱིས་ན་ནིང་ས་ཁུལ་དང་པོའི་ཡུལ་ཤོག་གསུམ་དང་གྲོང་རྡལ་གཉིས་ཀྱི་ཐོན་ལས་རོགས་སྐྱོར་ལ་རྫོང་གི་ཁས་ལེན་དོན་ཐོག་ཏུ་འཁྱོལ་ནས་པད་ཁའི་འབྲུ་རྒྱ་མ་གང་ལ་སྒོར་ལྔ་སྤྲད་དེ་ས་ཁུལ་གསུམ་ལ་ས་ཚུགས་གསུམ་ཕྱེ་ནས་ཉོ་ཚོང་བྱེད་པ་ཡིན། སྣུམ་ཚལ་འབྲུ་རིགས་དགར་ནས་མཛོད་ནང་དུ་བཅུག་པ་དང་།སྤྱི་གཉེར་ཁང་གི་མིང་ཐོག་ནས་ལས་སྣོན་བྱས་ཏེ།མི་དམངས་ཀྱི་ཡོང་འབབ་ཇེ་མཐོར་འགྲོ་བར་ཕན་ཐོག་ཆེན་པོ་བྱུང་བ་རེད།ང་ཚོའི་ལས་ཁུངས་ཀྱིས་པད་ཁ་ལ་གདམ་གསེས་དང་རྒྱ་མ་འཇལ་ནས་པད་ཁའི་ས་བོན་ཚང་མ་འབྲུ་མཛོད་དུ་བཅུག་པ་ཡིན་ཞེས་བཤད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1