དཀའ་ངལ་ཅན་གྱི་མང་ཚོགས་ཀྱིས་དགུན་དྲོད་ཀྱིས་སྐྱེལ་བར་རོགས་རམ་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-24



        ཟླ་12པའི་ཚེས་21ཉིན་ནས་22ཉིན་བར།  རྔ་བ་རྫོང་རྨེ་སྐོར་ཡུལ་ཚོས་དཀའ་ངལ་ཡོད་པའི་མང་ཚོགས་དགུན་དྲོད་ཀྱིས་སྐྱེལ་བར་རྒུད་སྐྱོབ་དངོས་རྫས་སྟེར་བའི་བྱེད་སྒོ་སྤེལ། དཀའ་ངལ་ཅན་གྱི་མང་ཚོགས་ཀྱིས་དགུན་དཔྱིད་ཀྱི་འཚོ་བར་ཁག་ཐེག་བྱས་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་ཚོར་དུ་བཅུག 
        ཐེངས་འདིའི་བྱེད་སྒོ་ལ་དཀའ་ངལ་ཅན་གྱི་དུད་ཁྱིམ་68ལ་བཟའ་སྣུམ་དང་འབྲས། ཕྱེ། བལ་གདན་སོགས་བྱིན། བྱེད་སྒོ་སྤེལ་རིང་འགན་ཁུར་བློ་མཐུན་གྱིས་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་ཕྱོགས་ཀུན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། དཀའ་ངལ་ཅན་གྱི་མང་ཚོགས་ཀྱིས་སྒུག་པ་དང་བརྟེན་པ། སློང་བའི་བསམ་བློ་དོར་ནས། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བའི་སྤུས་ཚད་གོང་མཐོར་གཏོང་བར་སྣེ་ཁྲིད་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1