གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༥ཉིན།

ཀྲུང་ཨུས་མཉམ་འབྲེལ་གྱིས་བར་སྣང་སྐོར་བསྐྱོད་འཐབ་ཇུས་སྤེལ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་སྲུང་པུའུ་ཡིས་མཉམ་འབྲེལ་ཐོག་ཟླ12བའི་ཚེས22ཉིན་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དུ་གནས་བའི་མཁའ་དམག་བར་མཉམ་འབྲེལ་གྱི་བར་སྣང་སྐོར་བསྐྱོད་འཐབ་ཇུས་ཐེངས་གཉིས་པ་ལག་བསྟར་སྒྲིག་འཛུགས་བྱས། ཀྲུང་གོ་ཕྱོགས་ཀྱིས་འགད་གཏོར་གནམ་གྲུ-6Kརྟགས་ཅན་གྱི་གནམ་གྲུ4མངགས་ནས་ཨུ་རུ་སིའི་ཐུའུ-95རྟགས་ཅན་གྱི་གནམ་གྲུ་2གྱིས་གྲུབ་པའི་མཉམ་འབྲེལ་རུ་ཁག་བསྒྲིགས་ནས་མཉམ་དུ་འཇར་པན་རྒྱ་མཚོ་དང་ཤར་རྒྱ་མཚོའི་འབྲེལ་ཡོད་མངའ་ཁོངས་སུ་མཉམ་འབྲེལ་གྱིས་སྐོར་བསྐྱོད་བྱ་བ་སྒྲིག་འཛུགས་བྱས། འཕུར་སྐྱོད་བྱེད་རིང་རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས་རྒྱལ་ཁབ་གཞན་དག་གི་བར་སྣང་མངའ་ཁོངས་ལ་འཛུལ་མེད།

ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་བར་སྣང་གི་འཐབ་ཇུས་མཉམ་འབྲེལ་བྱས་པ་དེས་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་བཏང་ནས། དམག་དཔུང་གཉིས་ཀྱི་འཐབ་ཇུས་རོགས་ལས་ཆུ་ཚད་དང་མཉམ་འབྲེལ་འགུལ་སྐྱོད་ནུས་པ་ཇེ་མཐོར་གཏོང་བ་དང་། མཉམ་དུ་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ད་ཐེངས་ཀྱི་འགུལ་སྐྱོད་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ལོ་འཁོར་མཉམ་ལས་འཆར་གཞིའི་ནང་གི་རྣམ་གྲངས་ཡིན་པ་ལས་ཕྱོགས་གསུམ་པར་དམིགས་པ་མིན་ནོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1