གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༥ཉིན།

བོད་ལྗོངས་ཀྱི་ངོས་འཇམ་ཉི་ནུས་ཚ་བསྡུས་འཕྲུལ་ཆས་ཆེ་གྲས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྲུབ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ།


          ཟླ12པའི་ཚེས22ཉིན། བོད་ལྗོངས་ཉི་འཆར་ཤར་ཕྱོགས་ངོས་འཇམ་ཉི་ནུས་ཚ་བསྡུས་འཕྲུལ་ཆས་ཆེ་གྲས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྲུབ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་དང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་མཐར་ཕྱིན་སློབ་མའི་ལས་ཞུགས་མཉམ་ལས་ཀྱི་གན་རྒྱ་འཇོག་པའི་བྱེད་སྒོ་དེ་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིBཁུལ་བཟོ་ལས་ལྟེ་གནས་སུ་སྤེལ་བ་རེད།
          རྣམ་གྲངས་འཛུགས་སྐྲུན་གྲུབ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེས་གོ་ལ་ཧྲིལ་པོའི་ངོས་འཇམ་ཆེ་གྲས་ཀྱི་རང་འགུལ་ཅན་གྱི་ཐོན་སྐྱེད་མ་ལག་ཐོག་མ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་མཚོན་ཞིང་། དེས་བོད་ལྗོངས་སུ་དྲོད་རླངས་གཙང་མ་མཁོ་འདོན་བྱ་བར་བྱས་རྗེས་བཞག་པར་མ་ཟད། བོད་ལྗོངས་ཀྱི་ས་གནས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་། རང་སའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཐད་སྐུལ་འདེད་ཀྱི་ནུས་པ་བཟང་པོ་བཏོན་ཡོད།

བྱེད་སྒོའི་ཡུལ་དངོས།
           “དུས་ཡུན་རིང་པོའི་ནང་། ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའུ་དང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་ཞིང་། ང་ཚོས་མཚོ་བོད་མཐོ་སྒང་གི་་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་དེ་ཚད་ཐིག་དང་། བོད་ལྗོངས་ཀྱི་ཁོར་ཡུག་གི་ཁྱད་ཆོས་དེ་ཚད་གཞིར་བཟུང་བ་དང་། ནུས་ཁུངས་གཙང་མའི་གོ་ལ་ཧྲིལ་པོའི་ཉི་ནུས་ཀྱི་དྲོད་རླངས་གཙང་མ་བསྡུ་བའི་ཚད་ཤིང་དམིགས་ཡུལ་དུ་བཟུང་ཞིང་། རླངས་ཁའི་རྣམ་གྲངས་ཆུང་བ་འགོ་ཚུགས་ས་བྱས་ཏེ། བཟོ་གྲྭ་དེ་སྒར་ས་ཆེན་མོ་བྱས་ནས་དཔའ་ངར་ཆེན་པོས་བོད་ལྗོངས་སུ་དྲོད་རླངས་གཙང་མ་མཁོ་འདོན་བྱེད་པའི་བཀོལ་སྤྱོད་གསར་སྐྲུན་དང་ཞབས་འདེགས་ཞུ་བའི་གོ་ལ་ཧྲིལ་པོའི་རྩེ་མོ་གསར་པ་ཞིག་ཏུ་འཛེག་དགོས”ཞེས་ཁེ་ལས་ཀྱི་འགན་འཁུར་མི་སྣས་དེ་ལྟར་བཤད།
          ལོ་ངོ་གསུམ་གྱི་རིང་། བོད་ལྗོངས་ཉི་འཆར་ཤར་ཕྱོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཉི་ནུས་ཀྱི་ཁྱད་འཕགས་ཐོན་ཁུངས་ལ་གཞི་བཅོལ་ཏེ། ས་བབ་དང་མཐུན་པའི་སྒོ་ནས་དྲོད་ལེན་གྱི་ཐག་གཅོད་ཇུས་གཞི་འཆར་འགོད་བྱས་ཤིང་། བོད་ལྗོངས་སུ་ཉི་ནུས་དྲོད་བསྡུའི་བཟོ་སྐྲུན་ཆེ་གྲས་མང་པོ་ལེགས་གྲུབ་བྱུང་སྟེ།  “འཛམ་གླིང་ཡང་རྩེའི”སྟེང་ནུས་ཁུངས་གཙང་མའི་འོད་འཕྲོ་བ་དང་ཚ་བ་འཕྲོ་བར་བཅུག་པ་དང་། ས་བབ་མཐོ་ཤོས་དང་གྲང་མཐོའི་ས་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་ཐང་དང་དྲོད་ཁོལ་ལྡན་པའི་འཚོ་བ་སྐྱིད་པོ་རོལ་བར་བཅུག  མ་འོངས་པར་ད་རུང་སྔར་ལས་ས་གནས་ཅན་གྱི་ཕུལ་བྱུང་ཤེས་ལྡན་མི་སྣ་གདན་འདྲེན་བྱས་ཏེ་རང་སའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1